Center for Mind Training

ཕ་ས་མཐོང་བ་ཀུན་སྨོན།།
འཛམ་གླིང་ས་ཡི་ཡང་ཐོག།
སྒང་པ་བོད་ཀྱི་ཡུལ་ལྗོངས།།
བྲག་གཡབ་ས་ཡི་ལྟེ་བ།།
ལྷ་གསུམ་འབྲོག་པའི་ཕ་ས།།
བུ་ངའི་ལྟེ་ཁྲག་འཕོ་ས།།
བལྟས་ན་མིག་ལ་མཛེས་པ།།
བསམ་ན་ཡིད་དབང་འཕྲོག་པ།།
རང་བྱུང་ཁམས་ཀྱི་མཛེས་ལྗོངས།
ས་སྐྱིད་གསེར་གཞོང་ལུང་པ།།
སྤང་ལྗོངས་མེ་ཏོག་འཁྲུངས་ས།།
ཆུ་གཙང་བདུད་རྩི་འཁྱིལ་ས།།
དྭངས་གཙང་མཁའ་རླུང་རྒྱུ་ས།།
སེམས་ཁམས་ལྷོད་ལ་བབས་ས།།
ས་སྐྱིད་འདི་ལ་གཟིགས་མཛོད།།