ས་ཁྲ་ནང་གི་བོད། TIBET MAP

རིགས་ཀྱི་བུ་འདི་ལྟ་སྟེ། ལོ་རྒྱུས་ཀྱི་དོན་རྐྱེན་གང་ཞིག་བྱུང་སའི་ས་དེ་ངོས་ཟིན་ཞིང་། ངོ་འཕྲོད་པ་ན། ཇི་སྲིད་དུ་ས་དེ་ཉིད་ཀྱིས་ལོ་རྒྱུས་དེ་ཉར་ཚགས་བྱེད་པར་འགྱུར་རོ། བསྲུང་བར་འགྱུར་རོ། ཡོངས་སུ་བསྲུང་པར་འགྱུར་རོ། རིགས་ཀྱི་བུ། ནམ་ཞིག་ལོ་རྒྱུས་ཀྱི་གླེགས་བམ་མེད་པར་གྱུར་ནའང་། ས་དེ་ཉིད་ཀྱིས་ལོ་རྒྱུས་དེ་གཞན་ལ་འཆད་པར་འགྱུར་རོ། བསྒྲགས་པར་འགྱུར་རོ། གཏན་དུ་བསྒྲགས་པར་འགྱུར་རོ། གཏན་དུ་རབ་ཏུ་བསྒྲགས་པར་འགྱུར་རོ། ཞེས་ང་སྨྲའོ། རིགས་ཀྱི་བུ་དེ་ལྟ་བས་ན། དོན་འདི་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག །འཆོངས་ཤིག །ཀློགས་ཤིག །ཀུན་གྱིས་ཤེས་པར་གྱིས་ཤིག །སཿ མཿ ཡཿ. རྒྱཿ རྒྱཿ