New Tibetan Song 2023 |འཁྲུངས་སྐར་དམ་བཅའ། |My pledge on H.Holiness's Birthday|Meadon Lhamo Official
Автор: Meadon Lhamo
Загружено: 2023-07-01
Просмотров: 28386
འཁྲུངས་སྐར་དམ་བཅའ།/Trungkar Dhamcha/My pledge on His Holiness' Birthday
ལེན་མཁན། མེ་སྒྲོན་ལྷ་མོ།
ཚིག སོག་ཤོད་དར་རྒྱས།
དབྱངས་ རྒན་ཚེ་རིང་འགྱུར་མེད།
དེ་རིང་དགའ་སྤྲོའི་ངང་ནས།།
༸རྒྱལ་བའི་འཁྲུངས་སྐར་ཉིན་མོ།།
སྙན་མོ་གླུ་ཡི་མཆོད་པ།།
སེམས་ཀྱི་གཏིང་ནས་ཕུལ་ཡོད།།
ཚེས་བཟང་དུས་བཟང་འདི་ནས།།
བོད་ཀྱི་སྐད་དང་རིག་གཞུང་།།
མི་ཉམས་རྒྱུན་འཛིན་བྱེད་པའི།།
དམ་བཅའ་སེམས་ནས་ཕུལ་ཡོད།།
དེ་རིང་ཉིན་བཟང་འདི་ནས།།
སེམས་བཟང་བྱམས་དང་སྙིང་རྗེའི།།
ལག་ལེན་གང་ཐུབ་བྱེད་པའི།།
ཁས་ལེན་ང་ཡིས་ཞུས་ཡོད།།
༸རྒྱལ་བའི་འཁྲུངས་སྐར་ཉིན་ནས།།
མ་འོངས་བོད་དོན་ཆེད་དུ།།
སློབ་སྦྱོང་ཧུར་ཐག་བྱེད་པའི།།
སེམས་ནས་དམ་བཅའ་བཞག་ཡོད།།
Доступные форматы для скачивания:
Скачать видео mp4
-
Информация по загрузке: