སྲིད་སྐྱོང་སྤེན་པ་དང་འབྲེལ་བའི་གཏམ།
Автор: འཇིག་རྟེན་མིག་འབྱེད།
Загружено: 2025-12-05
Просмотров: 5737
ཆོལ་ཁའི་ཞེན་པས་ཕྱོགས་འཛིན་མ་བྱས་ཤིང་།།
ཕྲག་དོག་དུག་གིས་ནག་པོ་མ་བྱས་པའི།།
གཟུར་གནས་བློ་ལ་སྣང་བའི་མ་བཅོས་གཟུགས།།
ཆ་ཙམ་སྟོན་པ་འདིའང་སྤྱི་པའི་དོན།།
འདི་ཕྱི་གང་ལའང་༧རྒྱལ་བ་ཡབ་སྲས་ཀྱི།།
རླབས་ཆེན་དགོངས་གཞི་ལམ་སྟོན་ཉག་ཅིག་གིས།།
འཚོ་ལ་སྤོབས་པའི་གངས་ཀྱི་སེངྒེ་སྟེ།།
གཡུ་རལ་གནམ་ལ་ཟུགས་པས་གཏམ་འདི་ཞུས།།
ཅལ་འདྲོགས་བརྒྱ་ཡིས་མཐེ་བོང་བསྒྲེངས་ཀྱང་ཆོག།
དམ་ཉམས་བརྒྱ་ཡིས་དམོད་མོ་བོར་ཀྱང་ཆོག།
ཅོལ་ཆུང་ལས་ལ་རིང་ནས་གྱེས་པའི་བུས།།
མཐོང་བའི་ཆ་ཙམ་ཞུ་དོན་སྤྱི་པའི་ཆེད།།
Доступные форматы для скачивания:
Скачать видео mp4
-
Информация по загрузке: