ཝཱ་ཎའི་སློབ་ཟུར་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བའི་བརྙན་ཐུང་།
Автор: SWA Varanasi
Загружено: 2021-05-21
Просмотров: 392
ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཕྱོགས་མཐའ་ཁག་ལ་བཞུགས་པའི་སློབ་ཟུར་བ་གཅེན་པོ་དང་གཅེན་མོ་རྣམ་པ་ཚོས་སློབ་ཁང་འདིར། ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་སྐབས་མཐུན་རྐྱེན་རོགས་རམ་ཕོན་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གཞན་ཡང་སློབ་ཁང་འདིར་རྟག་ཏུ་ཤ་ཚ་དང་རེ་ལྟོས་བཅང་མཁན་རྣམ་པས་དུས་ནས་དུས་སུ་རམ་འདེགས་གནང་བར་སྐབས་ཞེ་དགུ་པའི་བདེ་དོན་ལྷན་ཚོགས་ནས་རྣམ་པ་ཡོངས་ལ་དཀྱུས་གཅིག་ཏུ་ཐུགས་རྗེ་ཆེ་ཞུ། དེ་བཞིན་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཏོག་དབྱིབས་ནད་ཀྱིས་མནར་བའི་སྐྱེ་བོ་ཀུན་ནད་ཡམས་ལས་མྱུར་དུ་འགྲོལ་བའི་སྨོན་འདུན་ཞུ།། །།
Доступные форматы для скачивания:
Скачать видео mp4
-
Информация по загрузке: