Популярное

Музыка Кино и Анимация Автомобили Животные Спорт Путешествия Игры Юмор

Интересные видео

2025 Сериалы Трейлеры Новости Как сделать Видеоуроки Diy своими руками

Топ запросов

смотреть а4 schoolboy runaway турецкий сериал смотреть мультфильмы эдисон
dTub
Скачать

The GURU TULKU Incarnation without any proof || Geshe Lobsang Choedar

Автор: Trung Trung Karmo

Загружено: 2025-12-22

Просмотров: 2408

Описание:

༄༅། །དད་ལྡན་མོན་རིགས་ཡོངས་ལ་གལ་ཆེའི་གནད་དོན་གསལ་བསྒྲགས་ཞུ་རྒྱུར།
དེང་སང་མང་ཚོགས་ནང་རང་ཕྱོགས་ཀྱི་བླ་མ་སྤྲུལ་སྐུར་བརྩི་མཐོང་ཡོང་ཆེད་ལས་འབྲས་དང་ཆོས་ཁྲིམས་གང་ལའང་རྩིས་མེད་ཀྱིས་རྫུན་གཏམ་འདྲ་མིན་སྤེལ་ནས་སོ་སོའི་རྩ་བའི་བླ་མ་དང་མི་མང་སོགས་ལའང་ངོ་ཚ་སྤང་སྟེ་ལོག་བཤད་མང་དག་ཅིག་སྤེལ་བཞིན་ཡོད་ན། ཚང་མས་རྫུན་གཏམ་ལ་མགོ་མ་འཁོར་བ་གནང་རྒྱུ་གལ་ཆེ།
དེ་ཡང་ལོ་མང་སྔོན་ནས་གུ་རུ་སྤྲུལ་སྐུའི་མིང་འཛིན་པས། ཁོ་པ་མཁའ་འགྲོ་འགྲོ་བ་བཟང་མོའི་སྲས་ལྷ་སྲས་ཀུན་ཏུ་ལེགས་པ་ནས་བརྩིས་པའི་བླ་མ་བསྟན་པའི་སྒྲོན་མེ་དང་། མེ་རག་བླ་མ་བློ་གྲོས་རྒྱ་མཚོ་སོགས་ཀྱི་སྐྱེ་ཕྲེང་བཅུ་གཉིས་པ་ཡིན་ཁུལ་གྱི་རྫུན་གཏམ་ཡིག་ངག་གཉིས་ཀྱི་ཐོག་ནས་མི་མང་ལ་འགྲེམས་སྤེལ་བྱས་མུས་ལྟར་། སྐྱེ་ཕྲེང་དང་པོ་ནས་བཅུ་གཅིག་བར་ཁྱོད་ཀྱི་སྐྱེ་ཕྲེང་དངོས་གནས་ཡིན་ན། ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལྟར། ཁྱེད་ཀྱི་སྐྱེ་ཕྲེང་གཉིས་པ་ནས་བཅུ་གཅིག་བར་གྱི་སྐྱེ་བརྒྱུད་ར་སྤྲོད་ཐུབ་པའི་ཁུངས་ལྡན་གྱི་བདེན་དཔང་། དཔེར་ན། དུས་རབས་དང་། ལོ་ཁམས། ཟླ་ཚེས། སྐྱེ་ཡུལ། ཕ་མའི་མིང་། མ་སྐྱེས་གོང་ནང་འབྲེལ་ཡོད་ཚོར་རྨི་ལམ་བཟང་པོ་བྱུང་སྟངས། སྐྱེས་དུས་ཡ་མཚན་ཅན་གྱི་རྟགས་དང་མཚན་མ་ཇི་བྱུང་། ཆུང་དུས་སྐྱེ་བ་སྔ་མའི་བག་ཆགས་སད་པའི་སྔོན་གནས་རྗེས་དྲན་གང་བཤད། འགྲོ་དོན་མཛད་རྗེས་གང་བསྐྱངས་ཡོད་པ་བླ་མ་གོང་མའི་གསུང་འབུམ་གང་དུ་འཁོད་ཡོད་པའི་སྐོར་སོགས་བདེན་དཔང་དུ་དགོས་པ་སྲོལ་རྒྱུན་དང་དོན་དངོས་ཡིན་ཀྱང་། གུ་རུས་བཤད་པའི་སྐྱེ་བརྒྱུད་དེ་ཚོར་ཁུངས་ལྡན་ཚིག་གཅིག་ཀྱང་བཤད་རྒྱུ་མིན་འདུག་པས། འདི་རིགས་ལ་ཕྱིན་ཆད་མི་མང་ནས་ཡིད་ཆེས་རྩ་བ་ནས་མ་བྱེད། ཚད་ལྡན་གྱི་སྐྱེ་བུ་དམ་པའི་བླ་མ་རྣམས་ཀྱི་མཛད་རྗེས་ལ་ཡིད་ཆེས་མེད་པ་བཟོ་ཉེན་འདུག
ད་དུང་ ཕྱི་ལོ་ ༢༠༢༤ ལོར་དཔར་སྐྲུན་བྱས་པའི་བླ་མ་བསྟན་པའི་སྒྲོན་མའི་རྣམ་ཐར་ཞེས་པའི་ཤོག་གྲངས་ ༡༩༨ ཅན་གྱི་དེབ་དེའི་ནང་། གུ་རུ་རང་ཉིད་བླ་མ་བསྟན་པའི་སྒྲོན་མེའི་སྐྱེ་བ་ཡིན་པ་མི་མང་ནས་ཡིད་ཆེས་ཡོང་སླད། རྗེ་བླ་མ་བསྟན་པའི་སྒྲོན་མེའི་སྐྱེ་ཕྲེང་བཅུ་གཉིས་པ་བསྟན་འཛིན་འཕྲིན་ལས་རྣམ་རྒྱལ་ཞེས་མིང་འཁོད་འདྲ་པར་སྦྱར་ཏེ། སློབ་དཔོན་རིན་པོ་ཆེ་དང་གྲུབ་ཆེན་རྣམས་ཀྱིས་བདུད་བཏུལ་བའི་མཛད་རྗེས་རྣམས་དགེ་སློང་གི་ཚུལ་བསྟན་པའི་བླ་མ་བསྟན་པའི་སྒྲོན་མེ་ཡི་མཛད་རྣམ་ཡིན་ཚུལ་བཀོད་འདུག །སློབ་དཔོན་པདྨས་གཙོས་གྲུབ་ཆེན་གྱི་མཛད་པ་རྣམས་བསྟན་པའི་སྒྲོན་མེའི་མཛད་པར་ཁ་གཡར་ཏེ། ཁྱེད་རང་བླ་མ་བསྟན་པའི་སྒྲོན་མེའི་སྐུ་སྐྱེས་ཡིན་པ་ཇི་ལྟར་བསྒྲུབ། གལ་ཏེ་བླ་མ་བསྟན་པའི་སྒྲོན་མེས་མཛད་པ་དེ་འདྲ་མཛད་ཡོད་ན། བླ་མའི་འཁྲུངས་ས་རྟ་ཝང་ནང་མཛད་ཚུལ་དེ་དག་གཅིག་ཀྱང་མཇལ་རྒྱུ་མེད་པ་གང་ཡིན།
དུས་རབས་འགའ་ཤས་གོང་ལ་རྟ་མགྲིན་གྱི་སྤྲུལ་པ་གྲུབ་ཆེན་མོན་པའི་སྐད་ལ་མ་སངས་ཟེར་བ་དགུ་ནས་བདུན་གྱི་མཛད་རྗེས་བདུད་བཏུལ་དམ་ལ་བཏགས་པ་སོགས་དངོས་སུ་མཇལ་རྒྱུ་ཡོད་པ་དེ་ཡང་བླ་མའི་མཛད་རྣམ་ལ་སྦྱར་ན་འགྲིགས་སམ།
མོན་ཤར་ཕྱོགས་ཁུལ་དུ་བླ་མ་བསྟན་པའི་སྒྲོན་མེ་ཞབས་བཅགས་ཏེ་སྟག་ལུང་དགོན་པ་ཕྱག་བཏབ་པ་སོགས་ཀྱི་མཛད་པ་དུ་མ་བསྐྱངས་ཡོད་ཀྱང་། འདིའི་ཉེ་འཁྲིས་སུ་བདུད་དམ་ལ་བཏགས་མཁན་གྲུབ་ཆེན་ཨ་མི་སྔོན་ཅུང་   ཡིན་པ་ལོ་རྒྱུས་ནང་གསལ།
ཡང་དེ་སྔ་བོད་ལ་དུས་རབས་བརྒྱད་པའི་ནང་ཚུན། མཁན་ཆེན་ཞི་བ་འཚོ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ །རྗེ་བླ་མ་ཙོང་ཁ་པ། རྒྱལ་བ་ཀློང་ཆེན་རབ་འབྱམས་པ། ༸རྒྱལ་བ་སྐུ་ཕྲེང་རིམ་བྱོན། པཎ་ཆེན་སྐུ་ཕྲེང་རིམ་བྱོན་སོགས་ཇི་སྙེད་ཅིག་ཕེབས་ཡོད་པ་དེ་དག་གྲུབ་ཆེན་དང་སངས་རྒྱས་ཀྱི་རྣམ་སྤྲུལ་ཡིན་པ་གཅིག་མཚུངས་རེད་དེ། གྲུབ་ཆེན་གྱི་མཛད་ཚུལ་ལྟར་བསྟན་གནང་མེད་པ་གང་ཡིན་ནམ།
གུ་རུ་སྤྲུལ་སྐུའི་མིང་ཅན་པའི་སྐྱེ་ཕྲེང་བརྫུས་མ་སྐྱེ་ཕྲེང་བཅུ་གཅིག་པར་བགྲངས་པའི་གུ་རུ་གོང་མ་ཐུབ་བསྟན་སྐལ་ལྡན་པས་བླ་མ་བློ་གྲོས་རྒྱ་མཚོའི་སྐུ་སྐྱེར་བརྫུས་མ་བཟོས་སྟངས་ཀྱི་ལོ་རྒྱུས་མདོར་ཙམ་བཤད་ན། ཁོང་སྐྱེ་ཡུལ་བོད་ཁམས་བྲག་གཡབ་ནས་རང་ལོ་ཉི་ཤུ་ཡས་མས་ཤིག་ལ་ཡར་ལྷ་སར་འོངས་ནས་དགའ་ལྡན་དགོན་པའི་སྒྲིག་ཁོངས་སུ་ཞུགས། ལོ་བཅུ་ཡས་མས་མཚམས་སུ་ཕ་མ་གཉིས་ལྷ་སར་འོངས་ཏེ། ཕ་མ་གཉིས་ཁྲིད་ནས་དྭགས་པོ་ཕྱོགས་སུ་སོང་། ཕ་མ་གཉིས་ལ་བལྟ་སྐྱོང་དང་སྦྲགས་ནས་དགོན་པ་ཞིག་ལ་སྒྲིགས་ཞུགས་བྱས་ནས་ལོ་འགའ་ཤས་སོང་བ་དང་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་དགུང་ལོ་ལྔ་ཡས་མས་མཚམས་ཞིག་ལ་རྟ་ཝང་དགོན་པའི་བླ་སྤྲུལ་བླ་མ་བློ་གྲོས་རྒྱ་མཚོའི་སྐུ་སྐྱེ་མེད་ནས་ཡུན་རིང་སོང་སྐབས། འདི་སྐུ་སྐྱེ་ཡིན་པ་བཟོ་ཐུབ་ན། ཡོང་འབབ་ཆེ་ལུགས་ལས་སྣེ་ཤིག་ནས་གསང་གཏམ་གྱི་སློབ་སྟོན་བྱས་ཡོད་ཚོད་འདུག །སྔར་བོད་ལ་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བླ་མ་སྤྲུལ་སྐུ་གང་བྱུང་ལ་སྤྲུལ་སྐུ་ངོས་འཛིན་ཕྱག་རྟགས་གནང་སྲོལ་མེད་ཀྱང་ཁོ་པར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་ཕྱག་བཏགས་གནང་ཡོད་ལུགས་ཕྱིར་བསྒྲགས་བྱས་ཡོད་ཚོད་འདུག །རང་ལོ་༣༥ ཡས་མས་ཤིག་ལ་མེ་རག་བླ་མ་བློ་གྲོས་རྒྱ་མཚོའི་སྐུ་སྐྱེ་བརྫུས་མར་ཁྲི་འདོན་བྱས་པ་ལས་ཕྱི་ནང་ཀུན་སྤྱོད་ཀྱི་ཡོན་ཏན་མེད་ཅིང་མི་མང་རྣམས་རྫུན་གྱི་སླུ་ཁྲིད་ལོག་ལམ་དུ་ཁྲིད་མཁན་ཞིག་ཡིན་འདུག་པས། འདི་ལྟ་བུ་ལ་བླ་མ་བློ་གྲོས་རྒྱ་མཚོའི་སྐུ་སྐྱེ་ཕེབས་མི་སྲིད།
གུ་རུའི་ཀུན་སློང་དང་བྱ་སྤྱོད་འདིས་སྔར་རྟ་ཝང་དགོན་པའི་མཁན་པོའི་སྐབས་སྦྱིན་བདག་དང་མི་མང་ལ་སྔར་བྱུང་མྱོང་མེད་པའི་བཀྲ་མི་ཤིས་པ་བྱུང་བ་དགོན་པའི་ལྷ་སྲུང་རྣམས་ཀྱིས་རྟགས་གཞི་སྟོན་པ་རེད་བསམ་གྱི་འདུག །ད་དུང་ལྷ་སྲས་ཀུན་ཏུ་ལེགས་པ་ནས་བརྩིས་པའི་གོང་མ་དེ་དག་གི་སྐྱེ་བ་མིན་བཞིན་དུ་སྐྱེ་བ་ཡིན་ཟེར་བ་དམ་ཆོས་འདུལ་བའི་གཞུང་ནས་གསུངས་པའི་རྩ་ཁྲིམས་དང་འགལ་བའི་མི་ཆོས་བླ་མའི་རྫུན་བཤད་འདུག་པས་གྲྭ་པ་ལོག་ཟིན་འདུག་ཅེས་ཕྱི་ལོ་༢༠༡༥ ཟླ་༩ ཚེས་༢༥ ཉིན་མཁན་པོ་ཁྲི་འཛིན་སྐབས་ངོ་སྤྲོད་ཡི་གེ་དང་པོ་སྤྲད་ཡོད།
སེར་བྱེས་དགེ་བཤེས་བློ་བཟང་ཆོས་དར་གྱིས་ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༢༠ ལ།།

The GURU TULKU Incarnation without any proof || Geshe Lobsang Choedar

Поделиться в:

Доступные форматы для скачивания:

Скачать видео mp4

  • Информация по загрузке:

Скачать аудио mp3

Похожие видео

ཡི་དམ་རྟ་མགྲིན་གྱི་ལོ་རྒྱུས། སེར་བྱེས་དགེ་བཤེས་བློ་བཟང་ཆོས་དར། #serajey #haryagriva #tadin

ཡི་དམ་རྟ་མགྲིན་གྱི་ལོ་རྒྱུས། སེར་བྱེས་དགེ་བཤེས་བློ་བཟང་ཆོས་དར། #serajey #haryagriva #tadin

འོས་བསྡུ་འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས་ལ་དྲང་བདེན་གྱི་དཔྱད་ཞིབ། Detail Analysis with Prove!

འོས་བསྡུ་འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས་ལ་དྲང་བདེན་གྱི་དཔྱད་ཞིབ། Detail Analysis with Prove!

GB Channel99 is live

GB Channel99 is live

རྒྱལ་སྤྱིའི་གསར་འགྱུར།International Breaking News 🗞️23December 2025

རྒྱལ་སྤྱིའི་གསར་འགྱུར།International Breaking News 🗞️23December 2025

རུབ་རྡུང་དམར་གསོད། དྲང་བདེན་ཞུ་སྐུལ། བཟང་སྤྱོད། ཟིང་སློང་མི་ཚོཊ། ཛ་དྲག་ཇེ་ཆེར། རྒྱལ་སྤྱིའི་གླེང་གཞི།

རུབ་རྡུང་དམར་གསོད། དྲང་བདེན་ཞུ་སྐུལ། བཟང་སྤྱོད། ཟིང་སློང་མི་ཚོཊ། ཛ་དྲག་ཇེ་ཆེར། རྒྱལ་སྤྱིའི་གླེང་གཞི།

MAGO villige: tawang/Arunachal pradesh/northeastindia.      #viral tibten vlog #TAWANG #Arunachal

MAGO villige: tawang/Arunachal pradesh/northeastindia. #viral tibten vlog #TAWANG #Arunachal

སྟག་མོ་ལུས་སྦྱིན་གྱི་ལོ་རྒྱུས། The tale of hungre tigeres

སྟག་མོ་ལུས་སྦྱིན་གྱི་ལོ་རྒྱུས། The tale of hungre tigeres

Prostate disorders in Traditional Tibetan Medicine: In conversation with Dr. Dorjee Rabten Neshar

Prostate disorders in Traditional Tibetan Medicine: In conversation with Dr. Dorjee Rabten Neshar

སྦྱིན་བདག་གི་མཚན་ངེས་པར་དགེ་འདུན་པའི་སྙན་དུ་གསོལ་དགོས། སྐུ་འགྱེད་འབུལ་དགོས།

སྦྱིན་བདག་གི་མཚན་ངེས་པར་དགེ་འདུན་པའི་སྙན་དུ་གསོལ་དགོས། སྐུ་འགྱེད་འབུལ་དགོས།

Update: Replying to Election Commission about the allegation on Tsering Youdon! Truth always prevail

Update: Replying to Election Commission about the allegation on Tsering Youdon! Truth always prevail

Самая загадочная страна в Азии: 15 поразительных фактов о Тибете | Документальный фильм о путешес...

Самая загадочная страна в Азии: 15 поразительных фактов о Тибете | Документальный фильм о путешес...

སྤྱི་ཚོགས་ཞབས་ཞུ་བ་ཞིག་གི་མི་ཚེའི་ནང་མྱོང་ཚོར་ལམ་སྟོན། ||Lobsang Phuntsok #jhamtsegatsal #tawang

སྤྱི་ཚོགས་ཞབས་ཞུ་བ་ཞིག་གི་མི་ཚེའི་ནང་མྱོང་ཚོར་ལམ་སྟོན། ||Lobsang Phuntsok #jhamtsegatsal #tawang

རྒྱལ་སྤྱིའི་གསར་འགྱུར།International Breaking News 🗞️22 December 2025

རྒྱལ་སྤྱིའི་གསར་འགྱུར།International Breaking News 🗞️22 December 2025

Healing Milestone: Gaden Jangtse Medical Society Commemorates 25th Founding Anniversary

Healing Milestone: Gaden Jangtse Medical Society Commemorates 25th Founding Anniversary

My childhood was filled with suffering. “ཆུང་དུས་ནས་སྡུག་པོ་ཞེ་དྲག་བཏང་སོང་།” #karmapa

My childhood was filled with suffering. “ཆུང་དུས་ནས་སྡུག་པོ་ཞེ་དྲག་བཏང་སོང་།” #karmapa

MESSAGE TO TIBETANS KUNDELING TATSAK CHOKTRUL RINPOCHE

MESSAGE TO TIBETANS KUNDELING TATSAK CHOKTRUL RINPOCHE

བུ་མོ་བསོད་ནམས་དཔལ་མཚོས་ང་ཚོ་ལ་རེ་བ་ཆུང་ཆུང་ཞིག་ཡོད་གསུང་གི #tibetan #viralvideo #fypシ #family #love

བུ་མོ་བསོད་ནམས་དཔལ་མཚོས་ང་ཚོ་ལ་རེ་བ་ཆུང་ཆུང་ཞིག་ཡོད་གསུང་གི #tibetan #viralvideo #fypシ #family #love

མཚམས་ལ་བཞུགས་པའི་བླ་མ་ཞིག་གི་སྒྲུང་དང་།Tibet folk | ghost stories .

མཚམས་ལ་བཞུགས་པའི་བླ་མ་ཞིག་གི་སྒྲུང་དང་།Tibet folk | ghost stories .

གང་བློ་མའི་འགྲེལ་བཤད། སེར་བྱེས་དགེ་བཤེས་ཐབས་མཁས་མཆོག་ནས། #serajey #ViaTelegram

གང་བློ་མའི་འགྲེལ་བཤད། སེར་བྱེས་དགེ་བཤེས་ཐབས་མཁས་མཆོག་ནས། #serajey #ViaTelegram

LATEST VIRAL SIKYONG NEWS 🚨‼️ངའི་སྲིད་སྐྱོང་སུ་ཡིན་ནམ།🔥🔥

LATEST VIRAL SIKYONG NEWS 🚨‼️ངའི་སྲིད་སྐྱོང་སུ་ཡིན་ནམ།🔥🔥

© 2025 dtub. Все права защищены.



  • Контакты
  • О нас
  • Политика конфиденциальности



Контакты для правообладателей: [email protected]