Популярное

Музыка Кино и Анимация Автомобили Животные Спорт Путешествия Игры Юмор

Интересные видео

2025 Сериалы Трейлеры Новости Как сделать Видеоуроки Diy своими руками

Топ запросов

смотреть а4 schoolboy runaway турецкий сериал смотреть мультфильмы эдисон
dTub
Скачать

འཕགས་པ་བྱམས་པའི་སྨོན་ལམ། | Maitreya’s Aspiration prayers | Ngagyur Nyingma Monlam Chenmo Both Gaya

Автор: Lotus TV

Загружено: 2023-01-29

Просмотров: 13367

Описание:

༄༅། །འཕགས་པ་བྱམས་པའི་སྨོན་ལམ།

རྒྱ་གར་སྐད་དུ། ཨཱརྻ་མཻ་ཏྲཱི་པྲ་ཎི་དྷཱ་ན་རཱ་ཛ། བོད་སྐད་དུ། འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།  །ཀུན་དགའ་བོ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་སངས་རྒྱས་ཐམས་ཅད་མངོན་དུ་བྱས་ཏེ་ཚིག་འདི་སྐད་ཅེས་སྨོན་ལམ་བཏབ་བོ།  །


སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །
དྲང་སྲོང་ལྷ་མིག་ལྡན་པ་ཡི། །
བྱང་ཆུབ་སེམས་དཔའ་རྣམས་དང་ཡང༌། །
ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །

ངན་འགྲོ་ལས་ནི་བཟློག་བགྱིད་ཅིང༌། །
མཐོ་རིས་ལམ་ནི་རབ་སྟོན་ལ། །
རྒ་ཤི་མེད་པར་འདྲེན་བགྱིད་པ། །
བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །

སེམས་ཀྱི་དབང་དུ་གྱུར་པས་ན། །
བདག་གིས་སྡིག་པ་ཅི་བགྱིས་པ། །
སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །
བདག་གིས་དེ་དག་བཤགས་པར་བགྱི། །

གང་ལས་རྣམ་པ་གསུམ་གང་གིས། །
བསོད་ནམས་ཚོགས་ནི་བསྐྱེད་པ་དེ། །
བདག་གི་ཀུན་མཁྱེན་ས་བོན་ཏེ། །
བདག་གི་བྱང་ཆུབ་མི་ཟད་ཤོག །

ཕྱོགས་བཅུ་དག་གི་ཞིང་ཁམས་སུ། །
སངས་རྒྱས་མཆོད་པ་གང་བྱུང་བ། །
སངས་རྒྱས་མཁྱེན་པས་ཡི་རང་བ། །
དེ་ལ་བདག་ནི་ཡི་རང་ངོ༌། །

སྡིག་པ་ཐམས་ཅད་བཤགས་པར་བགྱི། །
བསོད་ནམས་ཀུན་ལ་ཡི་རང་ངོ༌། །
སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །
བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག །

ཕྱོགས་བཅུ་དག་གི་ཕྱོགས་རྣམས་ན། །
ས་བཅུ་དག་ལ་གནས་པ་ཡི། །
བྱང་ཆུབ་སེམས་དཔའ་བྱང་ཆུབ་མཆོག །
འཚང་རྒྱ་བགྱིད་པར་བསྐུལ་མ་འདེབས། །

བྱང་ཆུབ་དམ་པར་སངས་རྒྱས་ཤིང༌། །
སྡེ་དང་བཅས་པའི་བདུད་བཏུལ་ནས། །
སྲོག་ཆགས་ཀུན་ལ་སྨན་སླད་དུ། །
ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག །

ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །
སྡུག་བསྔལ་སེམས་ཅན་ཐར་བགྱིད་ཤོག །
བསྐལ་པ་བྱེ་བ་བསམ་ཡས་སུ། །
ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག །

འདོད་པའི་འདམ་དུ་བྱིང་གྱུར་ཅིང༌། །
སྲེད་པའི་སྲད་བུས་དམ་བཅིངས་པ། །
འཆིང་བ་ཀུན་གྱིས་བཅིངས་བདག་ལ། །
རྐང་གཉིས་མཆོག་རྣམས་གཟིགས་སུ་གསོལ། །

སེམས་ཀྱི་དྲི་མར་གྱུར་པ་ལ། །
སངས་རྒྱས་རྣམས་ནི་སྨོད་མི་མཛད། །
སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན། །
སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །

རྫོགས་པའི་སངས་རྒྱས་གང་བཞུགས་དང༌། །
གང་དག་འདས་དང་མ་བྱོན་པ། །
དེ་དག་རྗེས་སུ་བདག་སློབ་ཅིང༌། །
བྱང་ཆུབ་སྤྱད་པ་སྤྱོད་གྱུར་ཅིག །

ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །
འགྲོ་དྲུག་སེམས་ཅན་མཐར་བགྱིད་ཤོག །
མངོན་ཤེས་དྲུག་པོ་མངོན་བགྱིས་ནས། །
བླ་མེད་བྱང་ཆུབ་རེག་གྱུར་ཅིག །

མ་སྐྱེས་པ་དང་མི་འབྱུང་དང༌། །
རང་བཞིན་མ་མཆིས་གནས་མ་མཆིས། །
རྣམ་རིག་མ་མཆིས་དངོས་མ་མཆིས། །
སྟོང་པའི་ཆོས་ནི་རྟོགས་པར་ཤོག །

སངས་རྒྱས་དྲང་སྲོང་ཆེན་པོ་ལྟར། །
སེམས་ཅན་མ་མཆིས་སྲོག་མ་མཆིས། །
གང་ཟག་མ་མཆིས་གསོ་མ་མཆིས། །
བདག་མ་མཆིས་པའི་ཆོས་རྟོག་ཤོག །

བདག་འཛིན་བདག་གིར་འཛིན་པ་ཡི། །
དངོས་པོ་ཀུན་ལ་མི་གནས་པར། །
སེམས་ཅན་ཀུན་ལ་ཕན་སླད་དུ། །
སེར་སྣ་མ་མཆིས་སྦྱིན་གཏོང་ཤོག །

དངོས་པོ་དངོས་པོར་མ་མཆིས་པས། །
བདག་གི་ལོངས་སྤྱོད་ལྷུན་གྲུབ་ཤོག །
དངོས་པོ་ཐམས་ཅད་རྣམ་འཇིག་པའི། །
སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག །

ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །
ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །
རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །
ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །

སའམ་ཡང་ན་ཆུའམ་མེ། །
རླུང་གི་ཁམས་ལྟར་མི་གནས་ཤིང༌། །
བཟོད་པའམ་ཁྲོ་བ་མ་མཆིས་པར། །
བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག །

བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། །
བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང༌། །
སྟོབས་དང་ལྡན་པའི་ལུས་སེམས་ཀྱིས། །
བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག །

སྒྱུ་མ་ལྟ་བུའི་ཏིང་འཛིན་དང༌། །
དཔའ་བར་འགྲོ་བའི་ཏིང་འཛིན་དང༌། །
རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །
བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག །

རྣམ་པར་ཐར་པའི་སྒོ་གསུམ་དང༌། །
དུས་གསུམ་མཉམ་པ་ཉིད་དང་ཡང༌། །
རིག་གསུམ་མངོན་སུམ་བགྱིས་པ་ཡིས། །
ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག །

སངས་རྒྱས་ཀུན་གྱིས་བསྔགས་པ་དང༌། །
འོད་དང་གཟི་བརྗིད་འབར་བ་དང༌། །
བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱིས། །
བདག་གི་བསམ་པ་རྫོགས་གྱུར་ཅིག །

དེ་ལྟར་སྤྱད་པ་སྤྱོད་བྱེད་ཅིང༌། །
བྱམས་པ་གྲགས་དང་ལྡན་པ་ཡིས། །
ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །
ས་བཅུ་པོ་ལ་རབ་ཏུ་གནས། །

འདི་ནས་ཤི་འཕོས་གྱུར་མ་ཐག །
དགའ་ལྡན་སྐྱེས་ནས་ཡིད་དགའ་བར། །
མྱུར་དུ་བྱམས་མགོན་མཉེས་བྱས་ནས། །
བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །

འདི་ལྟར་བགྱིས་པའི་བསོད་ནམས་དཔག་མེད་ཀྱིས། །
དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིན། །
གནས་ངན་ལེན་པ་རྟག་ཏུ་སྤངས་བྱས་ནས། །
རྒྱལ་བ་བྱམས་པའི་ཞབས་དྲུང་སྐྱེ་བར་ཤོག །
#Chanting #prayers #bodhgaya #Maitreya’s aspration #འཕགས་པ་བྱམས་པའི་སྨོན་ལམ།

རྡོར་གདན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ། | Ngagyur Nyingma Monlam Chenmo Both Gaya, འཕགས་པ་བྱམས་པའི་སྨོན་ལམ། | Maitreya’s Aspiration prayers, སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ། བྱམས་སྨོན། | Aspiration prayers of Maitreya, 34th Ngagyur Nyingma Monlam Chenmo Both Gaya

འཕགས་པ་བྱམས་པའི་སྨོན་ལམ། | Maitreya’s Aspiration prayers | Ngagyur Nyingma Monlam Chenmo Both Gaya

Поделиться в:

Доступные форматы для скачивания:

Скачать видео mp4

  • Информация по загрузке:

Скачать аудио mp3

Похожие видео

འཇམ་དཔལ་མཚན་བརྗོད། | Manjushri Nama Samgiti | རྙིང་མའི་སྨོན་ལམ་ཆེན་མོ། | Nyingma Monlam Chenmo

འཇམ་དཔལ་མཚན་བརྗོད། | Manjushri Nama Samgiti | རྙིང་མའི་སྨོན་ལམ་ཆེན་མོ། | Nyingma Monlam Chenmo

Джем – འཕགས་པ་བྱམས་པའི་སྨོན་ལམ། | Maitreya’s Aspiration prayers | Ngagyur Nyingma Monlam Chenmo Both Gaya

Джем – འཕགས་པ་བྱམས་པའི་སྨོན་ལམ། | Maitreya’s Aspiration prayers | Ngagyur Nyingma Monlam Chenmo Both Gaya

Nothing to Sell. Nothing to Win. Just a Walk Across America

Nothing to Sell. Nothing to Win. Just a Walk Across America

ཀུན་བཟང་སྨོན་ལམ། | Samantabhadra Aspiration prayers | 34th Ngagyur Nyingma Monlam Chenmo Both Gaya

ཀུན་བཟང་སྨོན་ལམ། | Samantabhadra Aspiration prayers | 34th Ngagyur Nyingma Monlam Chenmo Both Gaya

མཁས་དབང་རྣམས་ཀྱི་བགྲོ་གླེང་།@lama-norbu

མཁས་དབང་རྣམས་ཀྱི་བགྲོ་གླེང་།@lama-norbu

གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་དུ་རྒྱལ་བ་བྱམས་པ་གདན་འདྲེན་བཞུས་པའི་བརྙན། #tibetanvlogger

གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་དུ་རྒྱལ་བ་བྱམས་པ་གདན་འདྲེན་བཞུས་པའི་བརྙན། #tibetanvlogger

How to wear Tibetan Khampa Chupa //step by step// ཁམས་པའི་ཕྱུ་པ་གྱོན་སྟངས། #2023

How to wear Tibetan Khampa Chupa //step by step// ཁམས་པའི་ཕྱུ་པ་གྱོན་སྟངས། #2023

བྱམས་སྨོན། ( Nyingma Monlam Chenmo) || Himalayan Buddhist Monks ||

བྱམས་སྨོན། ( Nyingma Monlam Chenmo) || Himalayan Buddhist Monks ||

Bardo Monlam

Bardo Monlam

No Greed. No Noise. The Silent Walk That Made America Pause

No Greed. No Noise. The Silent Walk That Made America Pause

Very Venerable Kyabje Ralo Rinpoche

Very Venerable Kyabje Ralo Rinpoche

བདེ་སྨོན། | Dechen Monlam | Amitabha aspiration | Sukhavati Prayer | Dewachen Monlam | Amitabha Pra.

བདེ་སྨོན། | Dechen Monlam | Amitabha aspiration | Sukhavati Prayer | Dewachen Monlam | Amitabha Pra.

Америка остановилась — 19 монахов прошли 2300 миль, не произнеся ни слова.

Америка остановилась — 19 монахов прошли 2300 миль, не произнеся ни слова.

ཀུན་བཟང་སྨོན་ལམ། Kuntuzangpo Prayer

ཀུན་བཟང་སྨོན་ལམ། Kuntuzangpo Prayer

Little Tibet Majnu ka Tilla//Tibetan Losar Shopping#delhi #tibetanvlogger

Little Tibet Majnu ka Tilla//Tibetan Losar Shopping#delhi #tibetanvlogger

Menlom.  སྐུ་གསུམ་ཞིང་ཁམས་སྦྱོང་བའི་སྨོན་ལམ༽

Menlom. སྐུ་གསུམ་ཞིང་ཁམས་སྦྱོང་བའི་སྨོན་ལམ༽

Nyingma monlam at Boudhgaya India 2020

Nyingma monlam at Boudhgaya India 2020

19 Monks Walk 2,300 Miles Across America — Without Saying a Word

19 Monks Walk 2,300 Miles Across America — Without Saying a Word

རྗེ་བཙུན་མི་ལ་རས་པའི་མགུར་དབྱངས་ཡིད་འཕྲོག་མ།

རྗེ་བཙུན་མི་ལ་རས་པའི་མགུར་དབྱངས་ཡིད་འཕྲོག་མ།

རྡོ་རྗེ་གདན་མཆོད་རྟེན་དུ་གནས་གཟིགས།

རྡོ་རྗེ་གདན་མཆོད་རྟེན་དུ་གནས་གཟིགས།

© 2025 dtub. Все права защищены.



  • Контакты
  • О нас
  • Политика конфиденциальности



Контакты для правообладателей: infodtube@gmail.com