གསལ་བསྒྲགས་རྙིང་པ།
Автор: འཇིག་རྟེན་མིག་འབྱེད།
Загружено: 2025-12-05
Просмотров: 256
བརྙན་འདི་ལོ་ལྔའི་སྔོན་ཁ་པར་ནས་བླངས་ཏེ་ངོ་དེབ་དུ་བཀོད་པ། ད་ལམ་ངོ་དེབ་ཀྱིས་དྲན་གསོ་བྱུང་། འདིའི་ནང་གི་བློས་གཏོང་དང་ཆོད་སེམས་རྣམས་ཁ་ཞེ་གཉིས་མེད་ཡིན་ཙང་། རང་གི་ལོ་རྒྱུས་ནང་གནས་ཆེད་ཡུག་ཊོབ་དུའང་ཉར་ཚགས་བྱེད་གལ་མཐོང་། སྐབས་དེར་གཤམ་གསལ་ཡི་གེ་ཐུང་ངུ་འདིའང་སྤེལ་འདུག
༄།། ཐོག་མར་གུས་པ་བོད་མི་མང་སྤྱི་འཐུས་ལ་ལང་གི་མི་འདུག་ཅེས་གསུང་མཁན་འགའ་ཤས་ཡོད་པ་ཁྱོད་རྣམས་ཀྱི་རེ་བ་སྐོང་ཐུབ་མ་སོང་པས་དགོངས་སེལ་ཞུ། རང་ངོས་ནས་སྤྱི་འཐུས་ཀྱི་ལས་ཁུར་ཞུ་དགོས་པའི་ཆོད་སེམས་དང་བློས་གཏོང་ལ་འགྱུར་བ་ནམ་ཡང་བཏང་མ་མྱོང་ལ། དམིགས་བསལ་ད་ལམ་བོད་བསྟན་སྲིད་སྤྱི་ལ་བྱས་རྗེས་ཅན་མང་པོས་བོང་བ་གསེར་གཟིགས་ཀྱིས་མུ་མཐུད་སྤྱི་འཐུས་ཀྱི་ལས་འགན་ལེན་གལ་ཞེས་བཀའ་ནན་ཡིག་ངག་གཉིས་ནས་ཕེབས་པས་སེམས་འགུལ་ཚད་མེད་ཐེབས། གུས་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་གི་གཞལ་མེད་གཟིགས་སྐྱོང་འོག་བཀའ་ཤག་ངེས་མེད་ལོ་རྒྱུས་འབྲི་རྩོམ་ཚན་པ། ལན་འདེབས་ཚོགས་ཆུང་བཅས་ནས་བཟུང་ད་བར་ཁྱོན་བསྡོམས་བགྲང་བྱ་ ༡༢ ལྷག་ལ་གཞུང་མང་ལ་སྲི་ཞུའི་བསོད་ནམས་བསགས་སྐལ་བྱུང་ལ། ༢༠༡༦ ནས་མདོ་སྨད་མི་མང་གིས་སྤྱི་པའི་འཐུས་མིར་བདམས་པ་བཞིན་ལོ་གསུམ་རིང་བོད་མི་མང་སྤྱི་འཐུས་རྒྱུན་ལས། ལོ་གཅིག་ལ་མང་གཙོ་རྩིས་ཕྲ་ཚོགས་ཆུང་གི་ལས་འཁུར། དེ་བཞིན་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་དྲུང་སྐབས་གཉིས། གྲོས་ཚོགས་ཚོགས་དུས་རིམ་པར་ཉིན་ཕྱེད་ཙམ་ལའང་ཆད་མེད་ཀྱིས་སྤྱི་འཐུས་ཀྱི་བགྱི་སྒོ་མཐའ་དག་ལ་མདོ་སྨད་མི་མང་ཙམ་མིན་པར་དམ་ལྡན་བོད་མི་ཡོངས་བློ་སྤོབས་སྐྱེ་དགོས་པ་ཞིག་བྱས་ཁུལ་ཡིན། དེ་བཞིན་ཁོམ་ལོང་ནམ་ཡོད་ལ་ཤེས་ཡོན་ཅན་དང་རྩོམ་པ་པོའི་དག་མ་བརླག་པར་ ༡༩༩༡ ལོར་༸བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབ་སྐབས་དང་བསྐྱར་བཅོས་རིམ་སོང་གི་གྲོས་ཚོགས་ཀྱི་བགྲོ་གླེང་ཡོངས་རྫོགས་དང་། ཀ་བ་གསུམ་ཀའི་ཡན་ལག་སྒྲིག་གཞི་ཁག་བཅས་ལ་སློབ་སྦྱོང་དང་ཉམས་ཞིབ་བྱ་རྒྱུའི་གོ་སྐབས་བྱུང་བས་རྒྱབ་སྐྱོར་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ད་ཆ།
གཅིག མ་འོངས་གྲོས་ཚོགས་ཀྱི་ཁ་ཕྱོགས་ཉེན་ཁའི་ངོ་བོར་མི་འགྱུར་བའི་ཆེད་དང་། ཁྲིམས་སྒྲིག་ཇི་བཞིན་སྤྱི་པའི་ལས་དོན་ཐོག་འགན་ཁུར་ལེན་ཐུབ་མཁན་གྱི་གྲོས་ཚོགས་འཐུས་མིའི་ཁོར་ཡུག་ཅིག་ཡོང་ཆེད།
གཉིས། གཉན་འཕྲང་ཅན་གྱི་སྐབས་འདིར་རང་ངོས་ནས་འགན་ཁུར་ལ་གཡོལ་མེད་པ་ལོ་རྒྱུས་སུ་འཁོད་ཆེད་དང་། སྤྱི་འཐུས་ཀྱི་ལས་འགན་ཆ་ཚང་འཁྱེར་ཐུབ་པའི་མཚམས་སུ་སླེབས་ཡོད་པ།
བཅས་ཀྱིས་སྤྱི་འཐུས་ཀྱི་ལས་འགན་ལས་གཡོལ་ན་ལས་རྒྱུ་འབྲས་དང་། ཤེས་ནས་སྨྲ་བའི་དམ་ལྡན་ལྷ་མི་ཚང་མའི་ཐུགས་དང་འགལ་འཛོལ་འགྱུར་ངེས་ལ་སོང་། མུ་མཐུད་སྤྱི་འཐུས་ཀྱི་ལས་འགན་ལེན་རྒྱུའི་ཆོད་སེམས་བསྐྱར་ནན་གྱིས་རྒྱ་ཆེ་མི་མང་ལའང་མདོ་དོན་སྤྱི་འཐུས་སུ་ལང་དགོས་དོན་ཁོ་ན་སྙན་སེང་ཞུ་ཡི་ཡོད་པ་ལས། འོས་ལྡུགས་རོགས་ཞེས་རྩ་ནས་ཞུ་ཡི་མེད་ལ། སེམས་གཏིང་ནས་ཀྱང་ཞུ་འདོད་མེད། རང་དབང་ཆ་ཚང་མི་མང་གི་ཕྱག་ཏུ་ཕུལ་ཡོད་ན་དེ་དོན་དགོངས་འཇགས་ཞུ་ཞེས་བོད་མི་མང་སྤྱི་འཐུས་བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟས། ༢༠༢༠ ཟླ་ ༡༢ ཚེས་ ༥ གཟའ་སྤེན་པའི་ཉིན་སྤེལ།།
Доступные форматы для скачивания:
Скачать видео mp4
-
Информация по загрузке: