Популярное

Музыка Кино и Анимация Автомобили Животные Спорт Путешествия Игры Юмор

Интересные видео

2025 Сериалы Трейлеры Новости Как сделать Видеоуроки Diy своими руками

Топ запросов

смотреть а4 schoolboy runaway турецкий сериал смотреть мультфильмы эдисон
dTub
Скачать

ཞིང་གཤེགས་དགེ་སློང་དཀོན་མཆོག་བསམ་འཕེལ་དགོངས་རྫོགས་སྐབས་བྱུང་བའི་ཁ་བའི་མེ་ཏོག་ངོ་མཚར་ཆེ།།

Автор: DRIKUNG TV

Загружено: 2023-02-21

Просмотров: 17256

Описание:

རྫོགས་པའི་སངས་རྒྱས་འཇིག་རྟེན་གསུམ་གྱི་མགོན་པོ་དེ་ཉིད་དགུང་ལོ་ཞེ་གཅིག་པར་གདན་ས་འབྲི་ཐེལ་འོག་མིན་བྱང་ཆུབ་གླིང་དུ་བཞུགས་སྐབས།ལྟར་སྣང་དུ་ཚོགས་པ་མང་བས་བསུན་པའི་ཚུལ་ལ་དོན་དུ་སྒྲུབ་གནས་ཁྱད་པར་ཅན། སྒོ་འབྱེད་པའི་ཕྱིར་གསང་ཐབས་ཀྱིས་ཚ་འུག་ཏུ་ཕེབས། དེར་ཚོགས་ཁང་ཆེ་མོ་ཏིང་འཛིན་ཕུག་ཏུ། སངས་རྒྱས་བསྟན་པའི་རྒྱུན་ལ་དགོངས་སྟེ། ཏིང་ངེ་འཛིན་ལ་ཐུགས་མཉམ་པར་བཞག་པ་ན། ཏི་སེ། ལ་ཕྱི། ཙཱ་རི་སོགས་ཀྱི་གནས་བདག་ཞིང་སྐྱོང༌། གཞི་བདག་ཆར་སྤྲིན་གཏིབས་པ་བཞིན་འདུས་པར།དེ་དག་ལ་ཆོས་བསྟན་ནས་སོ་སོའི་གནས་སུ་རྫུ་འཕྲུལ་གྱིས་ཕེབས་ནས་དམ་ལ་བཞག དེ་དག་གིས་གནས་ཕུལ་ཏེ་བཞུགས་པར་གསོལ་བར་མ་གནང་བར།རི་པ་གཏོང་བར་ཞལ་གྱིས་བཞེས་སོ། དེའི་ཚེ་ཐེལ་གྱི་དགེ་འདུན་པས་ཀུན་ཏུ་བཙལ་བས།ཚ་འུག་གི་རི་ཁྲོད་དུ་བཞུགས་པ་དང་མཇལ་ནས། སླར་གདན་དྲངས་པར། རྗེའི་སྐྱོབ་པའི་ཞལ་སྔ་ནས།བརྒྱུད་པའི་གདུང་འཚོབ་རྒྱལ་བ་རྣམས་ཀྱི་སྲས།།ཐུབ་པའི་བསྟན་ལ་བསླབ་གསུམ་རྒྱན་གྱིས་མཛེས།།མི་ཡི་སེང་གེ་རྣལ་འབྱོར་དབང་ཕྱུག་ཀུན།།ང་ལ་སྤྲོས་པ་ཆོད་ལ་རི་ལ་སོང༌།།གསུངས་པས་འགྲོ་བར་ཞུས་ཏེ།མི་རེས་རྡོ་རེ་བསྐྱལ་ནས་བཞེངས་པའི།ཆོས་ཁྲི་ཆེན་མོ་ད་ལྟ་ཡང་མཇལ་རྒྱུ་ཡོད། སྐབས་དེར་སྐྱོབ་པ་འཇིག་རྟེན་མགོན་པོས།རྡོ་རྗེ་གློ་དཀར་སྒྲུབ་ཕུག་ཏུ་ཉིད་ཀྱིས་སྐུ་རྗེས་དང་ཕྱག་རྗེས།ཞབས་རྗེས།ཕྱག་མཁར་གྱི་རྗེས་སོགས།ངོ་མཚར་མཐའ་ཡས་པ་རྗེས་འཇུག་རྣམས་ཀྱི་ཕྱིར་དུ་བཞག་པས།རྫུ་འཕྲུལ་ཕུག་ཏུ་གྲགས།དེ་རྗེས་གདན་སར་ཕེབས་ཏེ་གནས་གསུམ་དུ་རི་པ་ཐེངས་གསུམ་གཏང་བས།གནས་གསུམ་བདག་པོ་རྒྱལ་བ་འབྲི་གུང་པ་ཞེས་པའི་མཚན་སྙན་ཡོངས་སུ་གྲགས། དེ་ལྟར་འཇིག་རྟེན་མགོན་པོས་བྱིན་གྱིས་བརླབས་པའི་གནས་མཆོག།ཤིན་ཏུ་མང་བ་ནས་ཐུགས་ཀྱི་གནས།འབྲི་གུང་ཚ་འུག་དཔལ་གྱི་རི་ཁྲོད།རྣལ་འབྱོར་འདུ་བའི་གནས་དེར།རྫོགས་པའི་སངས་རྒྱས་འཇིག་རྟེན་མགོན་པོ་ནས།ད་བར་གྲུབ་པའི་དབང་པོ་བྱིན་བརླབས།རྒྱུན་ཆད་མེད་པར་བྱུང་བ་བཞིན།དུས་རབས་ཉེར་གཅིག་པའི་ནང་བྱུང་བའི།གྲུབ་དབང་དགེ་སློང་དམ་པ་ཁོང་ནི།འབྲི་གུང་རྨམ་པ་ཐེལ་བ་གྲོང་ཚོའི་ལྷད་བདེ་ཚང་གི་ཡབ་དཀོན་མཆོག་ནོར་བུ་དང༌།ཡུམ་དཀོན་མཆོག་བཟང་མོ་གཉིས་ལས།སྲས་གསུམ་གྱི་དང་པོར་སྤྱི་ལོ་༡༩༣༧ལོར་མཚན་དཔེ་བཞད།སྤྱི་ལོ་༡༩༤༤གུང་ལོ་བརྒྱད་ལ་སོན་སྐབས་འབྲི་གུང་བཀའ་བརྒྱུད་ཀྱི་གདན་ས་ཆེན་མོ།འོག་མིན་བྱང་ཆུབ་གླིང་གི་རྟེན་གཙོ་༧སྐྱོབ་པ་འཇིག་རྟེན་མགོན་པོའི་དྲུང་དུ་གཙུག་ཕུད་ཕུལ།མཚན་དཀོན་མཆོག་བསམ་འཕེལ་ཞེས་བཏགས། ལྕང་ཆེན་དཀོན་མཆོག་བསྟན་འཛིན་ནམ་མཁའ་རྒྱན་མཚན་གྱི་དགེ་རྒན།ཁོང་གི་ཞང་པོ་བློ་གྲོས་ཀྱི་འཚོ་སྐྱོང་འོག།དགོན་པའི་བཅའ་ཁྲིམས་བཅས་ལ་མིག་འབྲས་ལྟར་མཛད་ཐོག ཆོ་ག་ཁག་དང་ཆོས་སྤྱོད་སོགས་མཐར་ཕྱིན་པར་སྦྱངས།རྒྱ་གླིང་དགེ་རྒན་དང་བསུ་རྣ་བཅས་ལ་བྱང་བྱ་ཆེ།
བར་སྐབས་སུ་འབྲི་ལུགས་གསོ་རིག་སློབ་གྲྭ་ཞུགས་ནས་སྦྱང་པ་མི་དམན་པར་གྱུར། རིག་གསར་སྐབས་སུ་རང་ཁྱིམ་དུ་ཕྱིར་ལོག་ནས།གྲོང་ཚོའི་སློབ་ཆུང་དགེ་རྒན་གནང༌།དམ་པ་དེ་ཉིད་ནི་འཇིག་རྟེན་འཚོ་ཐབས་ཐད་ལ།ཧ་ཅང་གི་འཇོན་ཐང་ཆེ་བས།མིང་ལའང་འབྲོག་པའི་ཚོང་དཔོན་མགོ་ཁྲིགས་ཞེས་ཟེར་སྲོལ་ཆགས།མང་ཚོགས་ཀྱི་སྤྱི་རྫས་ལ་བདག་སྐྱོང་ཆེ་ཞིང༌།དཀའ་ངལ་ལས་སྐྱོབ་པར་མཛད་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ཤུགས་ལ་མངོན། དེ་རྗེས་ཕ་ཁྱིམ་ལྷད་བདེའི་ནང་ནས།ཁོང་དང་ཚ་བུ་གཉིས་ལོགས་སུ་འཚོ་སྡོད་གནང་ཞིང༌།༡༩༧༨ལོར་སྟེ་ཁོང་གུང་གྲངས་༤༩སྐབས་སྲིད་ཇུས་ལྷུག་འདོན་དང་འབྲེལ།རྗེ་༧སྐྱོབ་པའི་ཐུགས་ཀྱི་དབེན་གནས་ཚ་འུག་སུ།ཚ་བུ་དང་ཁ་གྱེས་ནས་རི་ཁྲོད་ལ་ཞོལ། གདན་སའི་ཁྲིད་དཔོན་ཁྲི་ཐོག་སོ་ལྔ་པ།༧དཔའ་ཆུང་རྡོ་རྗེ་འཆང་འབྲི་གུང་གདན་ས་ཐེལ་ལ་ཞབས་སོར་འཁོད་གྲུབ་པའི་ཕྱི་ལོརཔ།ཐེངས་དང་པོའི་དགེ་སློང་སྒྲུབ་པའི་དབུས་སུ་སྙེན་རྫོགས་སྟབས་གཅིག་ཏུ་བཞེས།མཚན་དཀོན་མཆོག་རྗེས་དྲན་ཞེས་གསོལ།དཔའ་ཆུང་རྡོ་རྗེ་འཆང་དཀོན་མཆོག་འཕྲིན་ལས་རིན་པོ་ཆེའི་གདམས་པར་གསན་བསམ་མཛད།དེ་བཞིན་ཁྲིད་དཔོན་ཁྲི་ཐོག་སོ་དྲུག་པ་གྲུབ་དབང་དཀོན་མཆོག་བསྟན་འཛིན་ཉི་མ།རིག་བདག་ཏུ་བསྟེན་ནས་སྔ་ཕྱི་གཉིས་སུ་ཕ་ཆོས།ཕྱག་ཆེན་ལྔ་ལྡན་ཉམས་ལེན་མཐིལ་ཕྱིན་པར་གནང༌།དེར་སྐུ་མཚམས་བར་མེད་དུ་སྐུ་རྐྱང་བཞུགས་གནང་བ་དང༌།ཕྱིས་སུ་བསམ་གཏན་ནས་ཞབས་ཕྱི་ཞུ་རྒྱུའི་བསོད་ནམས་བྱུང་ཞིང་དགེ་སློང་ཁོང་རྒྱུན་དུ་རིའི་བུ།ན་བུན་གྱི་གོས།གྱོང་ལྟོ་གོས་གཏམ་གསུམ་ལ་བཏང་ནས་སྒྲུབ་ལ་ཞོལ་བར་མཛད་པ་ལས།འཇིག་རྟེན་པའི་ངོ་བསྲུང་གྲོང་ཆོག་ཀྱང་དྭངས་དུ་མི་ལེན།བཀའ་བརྒྱུད་བླ་མའི་རྣམ་ཐར་ལ་བསློབ་པར་མཛད་ཅིང་དམ་པའི་རང་རྟགས་སྟོན་ཡོད།སྤྱི་ལོ་༢༠༡༩ལོའི། བོད་ཟླ་དང་པོ་ཕྱི་མའི་ཟླ་མཇུག་ཏུ།དགེ་སློང་ཁོང་དགུང་ལོ་༨༣ལ་ཕེབས་པ་ཚེ་དང་སྒྲུབ་པ་མཉམ་པ།ཚ་འུག་དཔལ་གྱི་རི་ཁྲོད་དུ་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་བསྡུ་པར་མཛད།སྐབས་དེར་བཀྲ་ཤིས་པའི་རྟགས་སྣ་ཚོགས་བྱུང་ཞིང༌།ལྷག་པར་སྐུ་གདུང་བཞུགས་འབུལ་སྐབས་ནམ་མཁའ་ནས་ཁ་བའི་འདབ་མ།འཁོར་ལོའི་རིས་དང་འདབ་དྲུག་དང༌། འདབ་ལྔ་སོགས་མེ་ཏོག་གི་གངས་བབ་པ་ངོ་མཚར་ཆེ་བ།ང་ཚོའི་མིག་མདུན་དུ་དངོས་སུ་མཇལ་རྒྱུ་བྱུང་བ་ནི།ཅི་འདྲ་བསོད་ནམས་ཞིག་མ་རེད་དམ། དེ་སྔོན་གོ་བ་དང་ཐོས་པ་ལས་དངོས་སུ་མཇལ་རྒྱུ་ནི།ཉིན་མོའི་སྐར་མ་འདྲ་ན་ཡང་ད་ལྟ་དེར་ཡོད་ཀུན་གྱིས་མཇལ་ཡུལ་དུ་གྱུར་པ་ནི།ཅི་འདྲའི་ངོ་མཚར་ཞིག་མ་རེད་དམ། དེ་ལས་ཀྱང་ངོ་མཚར་ཆེ་བ་ནི་འཚོ་བ་ཅི་འདྲའི་འདོད་ཆུང་མཆོག་ཤེས། ཚེ་གཅིག་བཀའ་བརྒྱུད་གོང་མའི་རྗེས་ཤུལ་འཛིན་པའི།རིའི་བུ་མཛད་སྟེ་རྫོགས་པའི་སངས་རྒྱས་འཇིག་རྟེན་མགོན་པོའི་དགོངས་པ་བཞིན།སྐུ་ཚེ་དོན་ལྡན་གྱི་ངང་ནས་བཞུད་པ་ནི་ཅི་འདྲའི་ངོ་མཚར་མི་ཆེ་འམ།

དགེ་སློང་དམ་པ་ཁོང་ལ་བསྟོད་པ།
བཀའ་བརྒྱུད་སྒྲུབ་བསྟན་གྲུབ་མཐའི་བླ་ན་མཐོ།།བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་རི་ཀློང་བརྡོལ།།བཀའ་བརྒྱུད་གྲུབ་རྟགས་མེ་ཏོག་ངོ་མཚར་གཏམས།།བཀའ་བརྒྱུད་བྱིན་རླབས་མཚན་ཁ་ངོམ་འདི་མཚར།།འབྲི་གུང་མཁན་པོ་ངེས་དོན་གྲགས་པས་བསྟོད་པ།།
རྒན་སྤྲོ་ཚེས་བསྟོད་པ།
རིན་ཆེན་དཔལ་གྱི་སྒྲུབ་པའི་བསྟི་གནས་ཆེ།།ཚ་འུག་དཔལ་གྱི་རི་བོར་སྒྲུབ་ལ་གཞོལ།།དམ་པའི་རྗེས་བཞུགས་དམ་པའི་སར་གཤེགས་པའི།།
རཏྣའི་ཐུགས་སྲས་དཀོན་མཆོག་རྗེས་དྲན་རྨད།།མི་ཚེ་གཅིག་ཏུ་ཚ་འུག་རི་བོར་བཞུགས།།ཕ་ཆོས་ཕྱག་ཆེན་དགོངས་པ་མངོན་དུ་གྱུར།།བྱ་བྲལ་སྒྲུབ་པ་མཐར་ཕྱིན་ཕོ་རྒོད་ཆེ།།རཏྣའི་ཐུགས་སྲས་དཀོན་མཆོག་རྗེས་དྲན་རྨད།།
བཞུགས་པའི་སྐབས་སུ་སྙན་གྲགས་རིང་དུ་དོར།།རི་ཡི་བུ་བཞིན་སྒྲུབ་ཚུགས་ལེགས་པར་འཛིན།།ཕེབས་པའི་སྐབས་སུ་འདས་རྟགས་ངོ་མཚར་ཆེ།།རཏྣའི་ཐུགས་སྲས་དཀོན་མཆོག་རྗེས་དྲན་རྨད།།
མཆོག་ཤེས་ཡིད་བཞིན་ནོར་བུའི་མཛོད་ལ་དབང༌།།

ཞིང་གཤེགས་དགེ་སློང་དཀོན་མཆོག་བསམ་འཕེལ་དགོངས་རྫོགས་སྐབས་བྱུང་བའི་ཁ་བའི་མེ་ཏོག་ངོ་མཚར་ཆེ།།

Поделиться в:

Доступные форматы для скачивания:

Скачать видео mp4

  • Информация по загрузке:

Скачать аудио mp3

Похожие видео

གནས་ཆུང་ཆོས་རྒྱལ་ཆེན་པོའི་བྱུང་རིམ། The Nechung Oracle Part Two

གནས་ཆུང་ཆོས་རྒྱལ་ཆེན་པོའི་བྱུང་རིམ། The Nechung Oracle Part Two

(འདོན་ ༢༣༣) བོད་ལ་གཟིགས་སྐོར་སྐུ་ཚབ་མཐའ་མའི་སྐབས་ཀྱི་མྱོང་འཚོར།

(འདོན་ ༢༣༣) བོད་ལ་གཟིགས་སྐོར་སྐུ་ཚབ་མཐའ་མའི་སྐབས་ཀྱི་མྱོང་འཚོར།

( འདོན་ ༢༥༩ ) ཆོ་འཕྲུལ་དུས་ཆེན་དང་། ལྷ་ལྡན་སྨོན་ལམ་ཆེན་མོ། བཅོ་ལྔ་མཆོད་པ་བཅས་ཀྱི་བྱུང་རབས་ངོ་སྤྲོད།

( འདོན་ ༢༥༩ ) ཆོ་འཕྲུལ་དུས་ཆེན་དང་། ལྷ་ལྡན་སྨོན་ལམ་ཆེན་མོ། བཅོ་ལྔ་མཆོད་པ་བཅས་ཀྱི་བྱུང་རབས་ངོ་སྤྲོད།

ལམ་རིམ་ཆེན་མོའི་གསུང་ཆོས་ཀྱི་སྔོན་འགྲོའི་ཆོས་བཤད་ཟུར་འདོན། ༼ཉིན་དང་པོ།༽

ལམ་རིམ་ཆེན་མོའི་གསུང་ཆོས་ཀྱི་སྔོན་འགྲོའི་ཆོས་བཤད་ཟུར་འདོན། ༼ཉིན་དང་པོ།༽

7) སྒྲོལ་མའི་བསྟོད་པ་ཕྱག་འཚལ་ཉེར་གཅིག་མ། ཕྱག་འཚལ་བཞི་པའི་འགྲེལ་བཤད། Jetsun Dolma Explanation

7) སྒྲོལ་མའི་བསྟོད་པ་ཕྱག་འཚལ་ཉེར་གཅིག་མ། ཕྱག་འཚལ་བཞི་པའི་འགྲེལ་བཤད། Jetsun Dolma Explanation

སྲིད་པ་བར་དོའི་རྣམ་བཞག། - འཆི་འཕོ་བ་དང་ཉིང་མཚམས་སྦྱོར་ཚུལ། - Livestream

སྲིད་པ་བར་དོའི་རྣམ་བཞག། - འཆི་འཕོ་བ་དང་ཉིང་མཚམས་སྦྱོར་ཚུལ། - Livestream

Parenting Education | ཁྱིམ་ཚང་སློབ་གསོ། | དགེ་བཤེས་ཡེ་ཤེས་རྒྱལ་མཚན། | ཚན་པ་དང་པོ།

Parenting Education | ཁྱིམ་ཚང་སློབ་གསོ། | དགེ་བཤེས་ཡེ་ཤེས་རྒྱལ་མཚན། | ཚན་པ་དང་པོ།

Morning and Evening Buddhist Prayers ༄༅། །སྔ་དགོང་ཞལ་འདོན་ཁག

Morning and Evening Buddhist Prayers ༄༅། །སྔ་དགོང་ཞལ་འདོན་ཁག

མདོ་སྒྱུ་སེམས་ལ་མ་བརྟེན་པའི་རྫོགས་ཆེན་ཞིག་མེད། རང་བྱུང་རིག་པ།

མདོ་སྒྱུ་སེམས་ལ་མ་བརྟེན་པའི་རྫོགས་ཆེན་ཞིག་མེད། རང་བྱུང་རིག་པ།

ཀུན་མཁྱེན་ཀློང་ཆེན་པའི་མཛད་པ་གདན་ས་གསུང་རྩོམ་ཞིབ་གླེང་། མཁན་ཆེན་ཚེ་དབང་བསོད་ནམས། རྫ་ཚེ་རིང་བཀྲིས།

ཀུན་མཁྱེན་ཀློང་ཆེན་པའི་མཛད་པ་གདན་ས་གསུང་རྩོམ་ཞིབ་གླེང་། མཁན་ཆེན་ཚེ་དབང་བསོད་ནམས། རྫ་ཚེ་རིང་བཀྲིས།

བོད་ཀྱི་རྩོམ་རིགས་འཕེལ་རིམ་གྱི་དུས་ཚོད་ངོ་འཛིན་དང་སྐབས་དེའི་ཚབ་མཚོན་རྩོམ་ཆོས་གླེང་བ།

བོད་ཀྱི་རྩོམ་རིགས་འཕེལ་རིམ་གྱི་དུས་ཚོད་ངོ་འཛིན་དང་སྐབས་དེའི་ཚབ་མཚོན་རྩོམ་ཆོས་གླེང་བ།

ལྷ་སའི་སྔོན་བྱུང་གཏམ་རྒྱུད། ལེའུ་གསུམ་པ། (3/20)

ལྷ་སའི་སྔོན་བྱུང་གཏམ་རྒྱུད། ལེའུ་གསུམ་པ། (3/20)

སྐྱབས་གནས་དཀོན་མཆོག་གསུམ་གྱི་ངོ་སྤྲོད་མདོར་བསྡུས། རིས་མེད་དགེ་བཤེས་མཆོག

སྐྱབས་གནས་དཀོན་མཆོག་གསུམ་གྱི་ངོ་སྤྲོད་མདོར་བསྡུས། རིས་མེད་དགེ་བཤེས་མཆོག

47 ) རྒྱལ་ལོ་དོན་འགྲུབ། དུས་ནང་འགལ་དང་སེམས་ནང་འགལ།  Lukar jam

47 ) རྒྱལ་ལོ་དོན་འགྲུབ། དུས་ནང་འགལ་དང་སེམས་ནང་འགལ། Lukar jam

FERRANDO TORRES Z HAT-TRICKIEM, BRAMKOWE SHOW, BARCA STRZELA 5 GOLI, W TYM 4 DO PRZERWY | SKRÓT

FERRANDO TORRES Z HAT-TRICKIEM, BRAMKOWE SHOW, BARCA STRZELA 5 GOLI, W TYM 4 DO PRZERWY | SKRÓT

КТО СПАЛ С ЖЕНОЙ ГОРБАЧЕВА? Постыдная тайна, которую скрывал КГБ

КТО СПАЛ С ЖЕНОЙ ГОРБАЧЕВА? Постыдная тайна, которую скрывал КГБ

༄༅། ཕྱག་རྫོགས་སྒོ་ནས་རིག་པ་ངོ་སྤྲོད་དང་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ་ཉམས་སུ་ལེན་ཚུལ།

༄༅། ཕྱག་རྫོགས་སྒོ་ནས་རིག་པ་ངོ་སྤྲོད་དང་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ་ཉམས་སུ་ལེན་ཚུལ།

ཞི་གནས། སེམས་ཀྱི་གཞག་ཐབས་དྲུག་གི་སྒོ་ནས་བསྐྱང་བའི་ཚུལ།

ཞི་གནས། སེམས་ཀྱི་གཞག་ཐབས་དྲུག་གི་སྒོ་ནས་བསྐྱང་བའི་ཚུལ།

Авалокитешвара (Ченрези) - Бодхисаттва сострадания

Авалокитешвара (Ченрези) - Бодхисаттва сострадания

Просыпаетесь между 3 и 5 утра? Сделайте ЭТИ 5 вещей | Еврейская Мудрость

Просыпаетесь между 3 и 5 утра? Сделайте ЭТИ 5 вещей | Еврейская Мудрость

© 2025 dtub. Все права защищены.



  • Контакты
  • О нас
  • Политика конфиденциальности



Контакты для правообладателей: [email protected]