法光佛研所--藏語中級13--11.理路幻鑰—辯紅白顏色(南卓格西)
Автор: 阿蘭荏芊堪卓
Загружено: 2024-12-03
Просмотров: 76
ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ། ༡༣
法光佛研所 《藏語中級》13
སློབ་ཚན་བཅུ་གཅིག་པ། 第十一課
༼རིགས་ལམ་འཕྲུལ་གྱི་ལྡེ་མིག༽《理路幻鑰》
༄༅། །ཚད་མའི་གཞུང་དོན་འབྱེད་པའི་བསྡུས་གྲྭའི་རྣམ་བཞག་
རིགས་ལམ་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ། །
《辨析量論意義—攝類解釋幻鑰論》
མཛད་པ་པོ། ཡོངས་འཛིན་ཕུར་ལྕོག་བྱམས་པ་རྒྱ་མཚོ།
造論者 永津普覺強巴嘉措
ཀ༽ རིགས་ལམ་ཆུང་ངུའི་རྣམ་བཞག་བཤད་པ།
甲一、敘述小理路
༡༽ ཁ་དོག་དཀར་དམར་གྱི་རྣམ་བཞག
乙一、辯論紅白顏色等
རང་གི་ལུགས་ལ།
立自宗:
གཟུགས་ཀྱི་མཚན་ཉིད་ཡོད་དེ།
色之性相,
གཟུགས་རུང་དེ་དེ་ཡིན་པའི་ཕྱིར།
為堪為色。
གཟུགས་དང་བེམ་པོ་གཉིས་དོན་གཅིག
色與物質二者同義。
གཟུགས་ལ་དབྱེ་ན།
色分為五種:
གཟུགས་ཀྱི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་།
即1.色處、2.聲處、
དྲིའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་།
3.香處、4.味處、
རེག་བྱའི་སྐྱེ་མཆེད་དང་ལྔ་ཡོད།
以及5.觸處,共五種。
གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་ཡོད་དེ།
色處之性相,
མིག་ཤེས་ཀྱི་གཟུང་བྱ་དེ་དེ་ཡིན་པའི་ཕྱིར།
為眼識所緣境。
གཟུགས་ཀྱི་སྐྱེ་མཆེད་ལ་དབྱེ་ན་གཉིས་ཡོད་དེ།
色處分為二種:
དབྱིབས་དང་ཁ་དོག་གཉིས་ཡོད་པའི་ཕྱིར།
即1.形色與2.顯色二種。
དབྱིབས་ཀྱི་མཚན་ཉིད་ཡོད་དེ།
形色之性相,
དབྱིབས་སུ་བསྟན་དུ་རུང་བ་དེ་དེ་ཡིན་པའི་ཕྱིར།
為可顯現為形狀者。
དེ་ལ་དབྱེ་ན་བརྒྱད་ཡོད་དེ།
其中分類有八種:
རིང་བ་དང་ཐུང་བ། མཐོ་བ་དང་དམའ་བ། ལྷམ་པ་དང་ཟླུམ་པོ།
即1.長與2.短,3.高與4.低,5.方與6.圓,
ཕྱ་ལེ་བ་དང་ཕྱ་ལེ་བ་མ་ཡིན་པའི་གཟུགས་དང་བཅས་པ་བརྒྱད་ཡོད་པའི་ཕྱིར།
以及7.正與8.不正,共八種。
ལྷམ་པ་ནི་གྲུ་བཞི། ཟླུམ་པོ་ནི་གོར་མོའམ་ཧྲིལ་པོ།
所謂的方如四方,圓如圓形或球形,
ཕྱ་ལེ་བ་ནི་ངོས་མཉམ་པའི་དབྱིབས་ལྟ་བུ་ལ་བྱེད་རིགས་པའི་ཕྱིར།
正如平整,不正則如非平整。
མདོག་ཏུ་བསྟན་དུ་རུང་བ། ཁ་དོག་གི་མཚན་ཉིད།
可表現為顏色者,為顯色之性相。
ཁ་དོག་ལ་དབྱེ་ན་གཉིས་ཡོད་དེ།
顯色分為二種:
རྩ་བའི་ཁ་དོག་དང་། ཡན་ལག་གི་ཁ་དོག་གཉིས་ཡོད་པའི་ཕྱིར།
即1.根本顯色及2.支分顯色。
རྩ་བའི་ཁ་དོག་ལ་དབྱེ་ན་བཞི་ཡོད་དེ།
根本顯色中,分為四種:
སྔོ་སེར་དཀར་དམར་བཞི་ཡོད་པའི་ཕྱིར།
1.青、2.黃、3.赤、4.白四種。
ཡན་ལག་གི་ཁ་དོག་ལ་དབྱེ་ན་བརྒྱད་ཡོད་དེ།
支分顯色中,分為八種:
དེར་གྱུར་པའི་སྤྲིན་དང་དུ་བ། རྡུལ་དང་ཁུག་སྣ། སྣང་བ་དང་མུན་པ།
即1.雲、2.煙、3.塵、4.霧、5.明、6.暗,
གྲིབ་མ་དང་ཉི་མའི་འོད་ཟེར་གྱི་ཁ་དོག་དང་བརྒྱད་ཡོད་པའི་ཕྱིར།
以及7.影、8.光,共八種。
སྒྲའི་སྐྱེ་མཆེད་ཀྱི་མཚན་ཉིད་ཡོད་དེ།
聲處之性相,
རྣ་ཤེས་ཀྱི་ཉན་བྱ་དེ་དེ་ཡིན་པའི་ཕྱིར།
為耳識所聞境。
སྒྲ་ལ་དབྱེ་ན་གཉིས་ཡོད་དེ།
聲分為二種:
ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་དང་།
即1.執受大種所生聲,
མ་ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་གཉིས་ཡོད་པའི་ཕྱིར།
以及2.非執受大種所生聲。
དྲིའི་སྐྱེ་མཆེད་ཀྱི་མཚན་ཉིད་ཡོད་དེ།
香處之性相,
སྣ་ཤེས་ཀྱི་མྱོང་བྱ་དེ་དེ་ཡིན་པའི་ཕྱིར།
為鼻識所領受境。
དྲི་ལ་དབྱེ་ན་གཉིས་ཡོད་དེ།
香分為二種:
ལྷན་སྐྱེས་ཀྱི་དྲི་དང་སྦྱར་བྱུང་གི་དྲི་གཉིས་ཡོད་པའི་ཕྱིར།
即1.俱生香,以及2.和合香。
རོའི་སྐྱེ་མཆེད་ཀྱི་མཚན་ཉིད་ཡོད་དེ།
味處之性相,
ལྕེ་ཤེས་ཀྱི་མྱོང་བྱ་དེ་དེ་ཡིན་པའི་ཕྱིར།
為舌識所領受境。
རོ་ལ་དབྱེ་ན་དྲུག་ཡོད་དེ།
味分為六種:
མངར་བ་དང་སྐྱུར་བ། ཁ་བ་དང་བསྐ་བ།
即1.甜、2.酸、3.苦、4.澀(濃)、
ཚ་བ་དང་ལན་ཚ་བ་སྟེ་དྲུག་ཡོད་པའི་ཕྱིར།
5.辛、6.鹹六種。
རེག་བྱའི་སྐྱེ་མཆེད་ཀྱི་མཚན་ཉིད་ཡོད་དེ།
觸處之性相,
ལུས་ཤེས་ཀྱི་མྱོང་བྱ་དེ་དེ་ཡིན་པའི་ཕྱིར།
為身識所領受境。
རེག་བྱ་ལ་དབྱེ་ན་གཉིས་ཡོད་དེ།
觸分為二種:
འབྱུང་བར་གྱུར་པའི་རེག་བྱ་དང་།
即1.四大種能造之觸,
འབྱུང་འགྱུར་གྱི་རེག་བྱ་གཉིས་ཡོད་པའི་ཕྱིར།
以及2.四大種所造之觸二種。
འབྱུང་བར་གྱུར་པའི་རེག་བྱ་ལ་དབྱེ་ན་བཞི་ཡོད་དེ།
四大種能造之觸分為四種:
ས་ཆུ་མེ་རླུང་བཞི་པོ་དེ་དེ་ཡིན་པའི་ཕྱིར།
即1.地、2.水、3.火、4.風四種。
སའི་མཚན་ཉིད་ཡོད་དེ། སྲ་ཞིང་འཐས་པ་དེ་དེ་ཡིན་པའི་ཕྱིར།
地之性相,為堅實性;
ཆུའི་མཚན་ཉིད་ཡོད་དེ། བརླན་ཞིང་གཤེར་བ་དེ་དེ་ཡིན་པའི་ཕྱིར།
水之性相,為流濕性;
མེའི་མཚན་ཉིད་ཡོད་དེ། ཚ་ཞིང་སྲེག་པ་དེ་དེ་ཡིན་པའི་ཕྱིར།
火之性相,為暖熾性;
རླུང་གི་མཚན་ཉིད་ཡོད་དེ། ཡང་ཞིང་གཡོ་བ་དེ་དེ་ཡིན་པའི་ཕྱིར།
風之性相,為輕動性。
འབྱུང་འགྱུར་གྱི་རེག་བྱ་ལ་དབྱེ་ན་བདུན་ཡོད་དེ།
四大種所造之觸分為七種:
དེར་གྱུར་པའི་འཇམ་པ་དང་རྩུབ་པ། ལྕི་བ་དང་ཡང་བ།
即1.滑、2.粗、3.重、4.輕、
གྲང་བ་དང་བཀྲེས་པ། སྐོམ་པ་དང་བདུན་པོ་དེ་དེ་ཡིན་པའི་ཕྱིར།
5.冷、6.饑、7.渴,共七種。
༼ རིགས་ལམ་འཕྲུལ་གྱི་ལྡེ་མིག༽
《理路幻鑰》
མཛད་པ་པོ། ཡོངས་འཛིན་ཕུར་ལྕོག་བྱམས་པ་རྒྱ་མཚོ།
造論者 永津普覺強巴嘉措

Доступные форматы для скачивания:
Скачать видео mp4
-
Информация по загрузке: