Популярное

Музыка Кино и Анимация Автомобили Животные Спорт Путешествия Игры Юмор

Интересные видео

2025 Сериалы Трейлеры Новости Как сделать Видеоуроки Diy своими руками

Топ запросов

смотреть а4 schoolboy runaway турецкий сериал смотреть мультфильмы эдисон
dTub
Скачать

Tibetan Grammar 90 དཔེར་བརྗོད་ཀྱི་ལམ་ནས་བདག་གཞན་ངོ་སྤྲོད།

Автор: Aachen Tenzin Thupten

Загружено: 2021-08-14

Просмотров: 1218

Описание:

གཤམ་གྱི་ཁ་བྱང་འདིའི་བརྒྱུད་བྱ་ཚིག་གི་རྣམ་གཞག་ལག་ལེན་བཅུད་བསྡུས་ཆེན་མོ་ཕབ་ལེན་གནང་ཐུབ།
http://drongngurchoje.net/wp-content/...
འཆད་ཁྲིད་གནང་མཁན་གྱི་ངོ་སྤྲོད།
མཚན། དཀོན་མཆོག་བསྟན་འཛིན་ངེས་དོན་བསྟན་པའི་རྒྱལ་མཚན།
མཚན་གནས། སྤྲུལ་སྐུ། འབྲོང་ངུར་ཆོས་རྗེ།
སྐྱེས་ལོ། ཕྱི་ལོ་ ༡༩༨༤ ལོར་སྐུ་འཁྲུངས།
ཡོན་ཚད་ཕྱག་ཁྱེར།
༡༽ མཐའ་བྲལ་སྨྲ་བའི་དབང་ཕྱུག༼དབུ་མ་རབ་འབྱམས།༽ ༢༽ ཕར་ཕྱིན་རབ་འབྱམས།
༣༽ ངེས་གསང་ལེགས་བཤད་མཛོད་འཆང་།༼སློབ་དཔོན།༽
ཤེས་ཡོན་བརྒྱུད་རིམ།
བོད་དབྱིན་བལ་གསུམ་སྐད་ཡིག་གཞི་རྩའི་རྨང་གཞི་བརྟན་པོའི་ཐོག།།བོད་ཀྱི་ཐུན་མོང་རིག་གནས་སུམ་རྟགས་དག་གསུམ། རྒྱལ་རབས། ཆོས་འབྱུང་། སྙན་ངག་དང་། ཐུན་མིན་ནང་ཆོས་མདོ་སྔགས་གཉིས་ལས། ཚད་མ། དབུ་མ། མངོན་པ། ཤེར་ཕྱིན། འདུལ་བ་སྟེ་བཀའ་པོད་ལྔའམ། མདོ་དང་མདོ་རྩ་འདུལ་བའི་གཞུང་། མཛོད་དང་ཀུན་བཏུས་མངོན་པའི་གཞུང་། བྱམས་ཆོས་སྡེ་ལྔ་རྒྱ་ཆེན་སྤྱོད་པའི་གཞུང་། རྩ་འཇུག་བཞི་སྤྱོད་ཟབ་མོ་དབུ་མའི་གཞུང་སྟེ། གཞུང་ཆེན་བཅུ་གསུམ་སོགས་མདོའི་ཕྱོགས་དང་། རྒྱུད་རྒྱལ་གསང་བ་སྙིང་པོའི་སྤྱི་དོན་འོད་གསལ་སྙིང་པོ། ཡོན་ཏན་མཛོད། གསང་སྙིང་སྤྱི་དོན་མཛོད་ཀྱི་ལྡེ་མིག །ཡིད་བཞིན་མཛོད། མན་ངག་ལྟ་བའི་ཕྲེང་བ། བཀའ་བརྒྱད་རྣམ་བཤད། ཐེག་ཆེན་ཚུལ་འཇུག །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་སོགས་སྔགས་ཀྱི་ཕྱོགས་ཏེ། ཐུན་མོང་སྐད་ཡིག་རིག་གནས་ནས་ཐུན་མིན་རྫོགས་པ་ཆེན་པོའི་བར་གྱི་རྒྱ་བོད་མཁས་པའི་གསུང་རབ་དུ་མར་མི་ལོ་ཧྲིལ་པོ་ཉི་ཤུ་ལྷག་གི་རིང་ཆུ་བོའི་རྒྱུན་བཞིན་གསན་བསམ་གནང་སྟེ། ཕྱི་ལོ་ ༢༠༡༤ བོད་ཟླ་གཉིས་པའི་བོད་ཚེས་བརྒྱད་ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་བསླབ་པ་མཐར་སོན།
འཆད་པ།
མདོ་ཕྱོགས་སྐོར། མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཐེངས་གསུམ། མངོན་པ་མཛོད་དང་། དབུ་མ་རྒྱན། འདུལ་བ་མདོ་རྩ། བརྒལ་ལན་རྣམ་གསུམ་ཐེངས་རེ་འཆད་ཁྲིད་མཛད།
སྔགས་ཕྱོགས་སྐོར། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ཐེངས་གཉིས། ཐེག་ཆེན་ཚུལ་འཇུག་ཐེངས་གཉིས། བཀའ་བརྒྱད་རྣམ་བཤད་ཐེངས་གཉིས། བསྐྱེད་རིམ་འོག་མིན་བགྲོད་པའི་ཐེམ་སྐས་ཐེངས་གཉིས། སྲོག་སྡོམ་གཟེར་བཞི་ཐེངས་གཉིས། གསང་སྙིང་མཛོད་ལྡེ་ཐེངས་གཅིག །ཡིད་བཞིན་མཛོད་ཐེངས་གཅིག་བཅས་འཆད་ཁྲིད་མཛད།
རིག་གནས་སྐོར། བོད་ཀྱི་བརྡ་སྤྲོད་སུམ་ཅུ་པ་དང་རྟགས་འཇུག་རྩ་བ་དང་འགྲེལ་པ་ནོར་བུའི་མེ་ལོང་ཐེངས་གཉིས་རེ། ཉན་ཤུལ་སུམ་ཅུ་པའི་རྣམ་བཤད་གཟུར་གནས་དགྱེས་པའི་གཏམ་ཐེངས་གཉིས། ཉན་ཤུལ་རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ་ཐེངས་ལྔ། དག་ཡིག་ངག་སྒྲོན་ཐེངས་གཅིག །སྨྲ་སྒོ་མཚོན་ཆ་ཚིག་ཕྲད་སྐོར་ཐེངས་གཅིག །བྱ་ཚིག་གི་རྣམ་གཞག་ལག་ལེན་བཅུད་བསྡུས་ཆེན་མོ་ཐེངས་གཅིག་བཅས་ལོ་ངོ་དུ་མའི་རིང་ཆུ་བོའི་རྒྱུན་བཞིན་སློབ་ཁྲིད་མཛད།
སྔོན་འགྲོ་བློ་སྦྱོང་སྐོར། གནམ་ཆོས་རྫོགས་ཆེན་སངས་རྒྱས་ལག་འཆང་གི་སྔོན་འགྲོའི་ཁྲིད་ཡིག་འབྲིང་པོ་ཐེངས་ལྔ་དང་། བློ་སྦྱོང་དོན་བདུན་མ། བློ་སྦྱོང་ཚིག་བརྒྱད་མ། དཔལ་སྤྲུལ་ཞལ་གདམས་ཐེངས་རེ་འཆད་ཁྲིད་མཛད།
རྩོམ་པ།
༡༽ ཕྱི་ལོ་ ༢༠༠༩ ལོར་དཔྱད་བརྗོད་གཟུར་གནས་བབས་སྟེགས། ༢༽ ཕྱི་ལོ་ ༢༠༡༠ ལོར་འབྲོང་དཀར་པོའི་ངུར་སྒྲ། ༣༽ ཕྱི་ལོ་ ༢༠༡༠ ལོར་བྱ་ཚིག་གི་རྣམ་གཞག་གསལ་བར་བཤད་པ་ལག་ལེན་བཅུད་བསྡུས། ༤༽ ཕྱི་ལོ་ ༢༠༡༥ ལོར་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་ཚིག་དང་དོན་རྒྱ་ཆེར་འགྲེལ་བ་དོན་གཉིས་ལམ་བཟང་། ༥༽ ཕྱི་ལོ་ ༢༠༡༧ ལོར་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་རྟགས་ཀྱི་འཇུག་པའི་བརྗོད་བྱ་སྙིང་པོ་བྱ་ཚིག་གི་རྣམ་གཞག་ཞིབ་ཅིང་རྒྱས་པར་བཤད་པ་ལག་ལེན་བཅུད་བསྡུས་ཆེན་མོ། ༦༽ ཕྱི་ལོ་ ༢༠༡༨ ལོར་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཚིག་དང་དོན་རྒྱ་ཆེར་འགྲེལ་བ་ཚོགས་གཉིས་ལམ་བཟང་། ༧༽ ཕྱི་ལོ་ ༢༠༡༩ ལོར་ཀུན་མཁྱེན་རོང་ཟོམ་གྱིས་མཛད་པའི་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་ཚིག་དང་དོན་རྣམ་པར་བཤད་པ་དབྱིངས་རིག་ལམ་བཟང་ཞེས་བྱ་བ་འདི་ཉིད་བརྩམས་པར་མཛད་དོ། །འབྲོང་ངུར་ཆོས་རྗེས་བརྩམས་པའི་གསུང་རྩོམ་སོགས་ཀྱི་སྐོར་ཞིབ་པར་ www.drongngurchoje.net ཞེས་པའི་དྲ་ཚིགས་སུ་གཟིགས་པར་ཞུ།
འབྲོང་ངུར་ཕོ་ཉས། ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༢༢ ཉིན་བྲིས།
@Aachen Tenzin Thupten

Tibetan Grammar 90 དཔེར་བརྗོད་ཀྱི་ལམ་ནས་བདག་གཞན་ངོ་སྤྲོད།

Поделиться в:

Доступные форматы для скачивания:

Скачать видео mp4

  • Информация по загрузке:

Скачать аудио mp3

Похожие видео

Tibetan Grammar 91 གང་ཚེ་རྐང་གཉིས་ཞེས་པའི་ཚིགས་བཅད་ཀྱི་ལམ་ནས་བདག་གཞན་ངོ་སྤྲོད།

Tibetan Grammar 91 གང་ཚེ་རྐང་གཉིས་ཞེས་པའི་ཚིགས་བཅད་ཀྱི་ལམ་ནས་བདག་གཞན་ངོ་སྤྲོད།

དངུལ་བེག་ནོོོ་ནོ་རྣམ་རྒྱལ་གྱི་ཡང་སྲིད། Reincarnation of a youth from Mulbeg. #ladakh #rebirth #story

དངུལ་བེག་ནོོོ་ནོ་རྣམ་རྒྱལ་གྱི་ཡང་སྲིད། Reincarnation of a youth from Mulbeg. #ladakh #rebirth #story

སྲིད་འཛིན་ཏྲམ་གྱིས་དབྱི་རན་ལ་དྲག་པོའི་ལན་སྤྲད་རྒྱུའི་ཉེན་བརྡ་དེ་མཁའ་རླུང་གི་སྐད་ཆ་ཡིན་ནམ་

སྲིད་འཛིན་ཏྲམ་གྱིས་དབྱི་རན་ལ་དྲག་པོའི་ལན་སྤྲད་རྒྱུའི་ཉེན་བརྡ་དེ་མཁའ་རླུང་གི་སྐད་ཆ་ཡིན་ནམ་

Tibetan Grammar About Verb.

Tibetan Grammar About Verb.

བོད་ཀྱི་སྐད་ཡིག་ལ་དགའ་བ་དང་དུང་བ་ཟབ་པའི་གུ་རུ་ཚེ་རིང་ཨ་བུ་གཉིས་དང་གཡང་ལྷ་མོ་སོགས་ལ་བཅར་འདྲི།

བོད་ཀྱི་སྐད་ཡིག་ལ་དགའ་བ་དང་དུང་བ་ཟབ་པའི་གུ་རུ་ཚེ་རིང་ཨ་བུ་གཉིས་དང་གཡང་ལྷ་མོ་སོགས་ལ་བཅར་འདྲི།

གཞོན་ནུ་དྲུག་གི་རྟོགས་བརྗོད་ཀྱི་ལོ་ཙྪའི་ཤེས་བྱ། བླ་བྱང་པདྨ་རྒྱ་མཚོ། Interview on The Six Brothers

གཞོན་ནུ་དྲུག་གི་རྟོགས་བརྗོད་ཀྱི་ལོ་ཙྪའི་ཤེས་བྱ། བླ་བྱང་པདྨ་རྒྱ་མཚོ། Interview on The Six Brothers

History of Sarnath & the origin of the name “Sarnath” | སཱར་ནཱཐ་ཞེས་པའི་ལོ་རྒྱུས་དང་ མིང་ཐོགས་ཚུལ།

History of Sarnath & the origin of the name “Sarnath” | སཱར་ནཱཐ་ཞེས་པའི་ལོ་རྒྱུས་དང་ མིང་ཐོགས་ཚུལ།

Tibetan Grammar 62 བྱ་བྱེད་ལས་གསུམ་མདོར་བསྟན་པ།

Tibetan Grammar 62 བྱ་བྱེད་ལས་གསུམ་མདོར་བསྟན་པ།

How My Tibetan Family REALLY Treats My Indian Husband! 😱 (Shocking Reactions Inside)

How My Tibetan Family REALLY Treats My Indian Husband! 😱 (Shocking Reactions Inside)

བྱ་ཚིག་འཛིན་གྲྭ Class on Verb

བྱ་ཚིག་འཛིན་གྲྭ Class on Verb

Tibetan Grammar 89 དངོས་པོ་བདག་གཞན།

Tibetan Grammar 89 དངོས་པོ་བདག་གཞན།

Если у тебя спросили «Как твои дела?» — НЕ ГОВОРИ! Ты теряешь свою силу | Еврейская мудрость

Если у тебя спросили «Как твои дела?» — НЕ ГОВОРИ! Ты теряешь свою силу | Еврейская мудрость

The Tibetan exile Election Commission clears up the allegations made by Tashi Topgyal

The Tibetan exile Election Commission clears up the allegations made by Tashi Topgyal

བོུ་བསྟན་ཆོས་ལགས་ནས་སྐུ་ངོ་སྐལ་རྡོར་དྲིལ་བསྒྲགས་སྐབས་ཐུགས་རྗེ་ཆེའི་གསུང་བཤད་ཨིན་སྐད་ཐོག།

བོུ་བསྟན་ཆོས་ལགས་ནས་སྐུ་ངོ་སྐལ་རྡོར་དྲིལ་བསྒྲགས་སྐབས་ཐུགས་རྗེ་ཆེའི་གསུང་བཤད་ཨིན་སྐད་ཐོག།

A brief introduction of Stupa. མཆོད་རྟེན་གྱི་ངོ་སྤྲོད་ལེ་ཚན་ལྔ་པ། Part 5

A brief introduction of Stupa. མཆོད་རྟེན་གྱི་ངོ་སྤྲོད་ལེ་ཚན་ལྔ་པ། Part 5

Basic Tibetan language

Basic Tibetan language

སྤྱི་སེམས་མཉམ་སྤུངས་། #tibetanvolgger

སྤྱི་སེམས་མཉམ་སྤུངས་། #tibetanvolgger

Surgery Cancelled Due to Risk || Jabalpur || Tibetan Vlogger ||

Surgery Cancelled Due to Risk || Jabalpur || Tibetan Vlogger ||

སྒྲུང་གི་ལམ་ནས་དབྱིན་ཇི་སྦྱོང་ཐབས། ལེ་ཚན་དང པོ།learning English with short moral story.

སྒྲུང་གི་ལམ་ནས་དབྱིན་ཇི་སྦྱོང་ཐབས། ལེ་ཚན་དང པོ།learning English with short moral story.

བདག་གཞན་བཤད་པའི་དགོས་པ་དང་རྗེས་འཇུག་གི་སྐོར། བཅོ་བརྒྱད།

བདག་གཞན་བཤད་པའི་དགོས་པ་དང་རྗེས་འཇུག་གི་སྐོར། བཅོ་བརྒྱད།

© 2025 dtub. Все права защищены.



  • Контакты
  • О нас
  • Политика конфиденциальности



Контакты для правообладателей: infodtube@gmail.com