H.E Goshir Gyaltsab Rinpoche's 68th Birthday Celebration Song, By Phubzam
Автор: KC Himalaya
Загружено: 2021-06-22
Просмотров: 7809
༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་ཆེ་བ་བརྗོད་པ་ཟོལ་མེད་སྙིང་གི་རི་མོ།
無偽心畫
怙尊嘉察仁波切功德禮讚集
噶瑪巴讚文
བཅོས་མའི་འཛུམ་བག་མེད་པའི་ནག་རོག་པོ།།
ངོ་སྲུང་བསྟོད་ར་མི་བཤད་ཁ་ཐུག་པོ།
ཕལ་ཆེར་མི་སྨྲའི་བརྟུལ་ཞུགས་འཛིན་པ་པོ།
རྒྱལ་བའི་རྒྱལ་ཚབ་ཁྱེད་ལ་བདག་བསྟོད་དོ།
無有虛偽歡笑木面尊
不因名利讚揚剛毅主
寡言少語持守禁戒者
勝者紹聖嘉察我讚嘆
ཞབས་ཕྱི་ཇི་ལྟར་ཞུས་ཀྱང་བཀུར་བདེ་པོ།
རྒྱུད་སྡེའི་ཕྱག་ལེན་ཞིབ་པས་མི་འགྲིག་པོ།
ཆོས་ལ་སླ་ཆོས་མེད་པའི་རུ་ངར་པོ།
རྒྱལ་བའི་རྒྱལ་ཚབ་ཁྱེད་ལ་བདག་བསྟོད་དོ།
所求諸事善令承辦尊
密續甚深行法不雜主
不懈行法競業勇勢者
勝者紹聖嘉察我讚嘆
འཇིག་རྟེན་བྱ་བར་ཐུག་ཚེ་ཞེན་ལོག་པོ།
བསྟན་པའི་དོན་ལ་རང་སྲོག་འབེན་འཛུགས་པོ།
རྟག་ཏུ་བླ་མ་དྲན་པའི་མོས་གུས་པོ།
རྒྱལ་བའི་རྒྱལ་ཚབ་ཁྱེད་ལ་བདག་སྟོད་དོ།
若值世間有為斷耽尊
為利教法自命立標主
恆時憶念上師敬信者
勝者紹聖嘉察我讚嘆
སྣང་སྲིད་མགོ་མཇུག་ལོག་ཀྱང་ཁྱད་མེད་པོ།
རི་བོང་ཨ་བྲ་ཤི་དུས་ཐུགས་སྐྱོ་པོ།
བསྟོད་སྨད་དགའ་སྡུག་བྲལ་བའི་གྲུབ་ཐོབ་པོ།
རྒྱལ་བའི་རྒྱལ་ཚབ་ཁྱེད་ལ་བདག་བསྟོད་དོ།
顯有始末盡捨無別尊
野兔地鼠亡時悲悽主
離於譽謗好惡成就者
勝者紹聖嘉察我讚嘆
ཨེ་མ་རྒྱལ་བའི་དོན་གྱི་གདུང་འཚོབ་པོ།
གདན་ས་ཡུན་རིང་བསྐྱངས་པའི་དྲིན་ཆེན་པོ།
དྲི་ལན་འཁོར་ཐབས་མེད་པའི་སྐྱབས་གཅིག་པོ།
ཞབས་པད་ཡུན་དུ་བརྟན་པའི་གསོལ་འདེབས་ཞུ།
大哉勝者大義承脈尊
長時住持祖庭大恩主
恩德難齊唯一救護者
蓮足長久住世虔祈請
གསང་བའི་བདག་པོ་རྒྱལ་བའི་རྒྱལ་ཚབ་གོ་ཤྲི་རིན་པོ་ཆེ་མཆོག་དགུང་གྲངས་རེ་གཅིག་ཏུ་ཕེབས་པའི་འཁྲུངས་སྐར་གྱི་མཛད་སྒོ་དང་སྟབས་བསྟུན་བསྟོད་ཚོག་ཅིག་འབྲི་དགོས་གསུངས་པས། ཁོ་བོ་ཡུལ་རིང་རྩོམ་འབྲི་མ་བྱས་པས་ཡག་པོ་ཞིག་ཨེ་ཐོན་བལྟས་ཀྱང་མི་འོང་འདུག་མོད་རུམ་བཏེག་བཤད་གྲྭའི་སློབ་ཕྲུག་ཡོངས་ནས་ཨུ་ཚུགས་ཆེན་པོ་བྱས་དོན་ལྟར། གང་དྲན་ཤར་མར་འབྲི་ཁུལ་བྱས་པས་རྣམ་དཀར་གྱི་ཆ་ཕྲ་མོ་ལས་མེད་ཀྱང་སྐྱབས་མཆོག་གང་ཉིད་ཞབས་པད་སྲིད་མཐར་བརྟན་ཅིང་། མཛད་ཕྲིན་ཕྱོགས་ཀུན་ཏུ་རྒྱས་པའི་རྒྱུར་བསྔོ་བའོ། །ཕྱི་ལོ་༢༠༡༤ ཟླ་༠༦ ཚེས་༢༥ ལ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་པས་ཕུལ།། །།
KC Himalaya Production & Design was an honor to edit quick music video for this wonderful song.
Доступные форматы для скачивания:
Скачать видео mp4
-
Информация по загрузке: