ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་།
Автор: VOA Tibetan
Загружено: 2019-06-27
Просмотров: 21870
ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་སྐུ་ཕྲེང་བཅུ་གསུམ་པ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ནི་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་འཁྲུངས། རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཐུགས་དམ་བརྟག་དཔྱད་ལོ་མང་མཛད་ནས་རྟ་ཚག་རྗེ་དྲུང་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་མཛད། གཞུང་ཆེན་བཀའ་པོད་ལྔ་ལ་བསླབ་པ་མཐར་སོན་མཛད་ནས་དགེ་བཤེས་ཀྱི་མཚན་བཏགས་བཞེས་ཏེ་ཕྱིའི་རྒྱལ་ཁབ་ཁག་ལ་བོད་ཀྱི་ཆོས་རིག་ཁྱབ་སྤེལ་དུ་ཕེབས་ཀྱི་ཡོད།
Originally published at - https://www.voatibetan.com/a/4974937....
Доступные форматы для скачивания:
Скачать видео mp4
-
Информация по загрузке: