སྤྱན་རས་གཟིགས་དང་སྒྲོལ་མའི་གནས་མཆོག་རི་བོ་པོ་ཏ་ལ། Potala Agasthyamalai
Автор: ས་ཁྲ་ནང་གི་བོད། TIBET MAP
Загружено: 2023-01-29
Просмотров: 6573
རྒྱ་གར་ལྷོ་ཡི་ཕྱོགས།།
མཐའ་མེད་རྒྱ་མཚོའི་འགྲམ།།
ཕྱི་ནང་ཟུང་གི་གནས།།
རི་བོ་པོ་ཏ་ལ།།
བལྟས་ན་ཉམས་རེ་དགའ།།
མཐོང་ན་བག་རེ་བྲོ།།
བྱིན་རླབས་ཚན་ཁ་ཆེ།།
སྐད་གྲགས་ཕྱོགས་བཞིར་ཁྱབ།།
འཕགས་པ་སྤྱན་རས་གཟིགས།།
བཞུགས་ས་ལྷོ་ཕྱོགས་ཀྱང་།།
གཟིགས་ས་བྱང་གི་ཕྱོགས།།
བོད་ལ་གཏན་དུ་གཟིགས།།
གངས་ཅན་བོད་ཡུལ་ན།།
མི་རྒྱུད་སྤེལ་བ་ནས།།
ཆོས་རྒྱལ་ལོ་པཎ་གྱི།།
རྣམ་རོལ་རྒྱུན་མ་ཆད།།
གཞན་ཡང་པོ་ཏ་ལ་ཀ་ནས།།
འཇིགས་པ་བརྒྱད་སྐྱོབ་ཏ་རེ་མ།།
ཉི་ཤུ་རྩ་གཅིག་ལྷ་ཡི་ཚོགས།།
ཕྱག་མཚལ་བྱིན་རླབས་དངོས་སྒྲུབ་སྩོལ།།
དྲག་པོའི་དམག་དང་མཚོན་གྱི་སྦྱོར།།
དུས་མིན་འཆི་དང་ནད་ཀྱི་འཇིགས།།
ས་ཡོམ་ཆུ་ལོག་རླུང་འཚུབ་སོགས།།
སྙིགས་ལྔའི་རྒུད་ཚོགས་ཞི་བར་མཛོད།།
Доступные форматы для скачивания:
Скачать видео mp4
-
Информация по загрузке: